ཚན་རིག་གི་དོན་དུ་རང་སྲོག་ཕུལ་བ།

ཉི་མ་རྡོ་རྗེས་བསྒྱུར།        2019-07-12

    མི་མི་ཤི་བ་གཏན་ནས་མེད། ཁ་རྒྱུན་ལ་དར་འབུ་མ་ཤི་བར་དུ་དར་སྐུད་གཏོང་མཚམས་མི་འཇོག་པ་དང་པྲ་སྒྲོན་ཐལ་བར་གྱུར་རྗེས་ད་གཟོད་འོད་དེ་ཡལ་ཞེས་གསུངས་པ་ལྟར། ཚེ་གཅིག་ཚན་རིག་ལ་འབད་པའི་ཚན་རིག་པ་རྣམས་འཇིག་རྟེན་འདི་དང་ཁ་བྲལ་བའི་དུས་སུའང་སེམས་ནང་འཆང་ཡོད་པ་ནི་རང་གི་ཁེ་ཕན་ཁོ་ན་མ་ཡིན་པར་ཚན་རིག་རེད།

    ཨ་ཅེ་སྨི་ཏེ་ནི་གནའ་བོ་ཞི་ལའི་སྐད་གྲགས་ཆོད་པའི་རྩིས་རིག་པ་དང་ཤུགས་ཀྱི་རིག་པ་བ་རེད། ལའོ་མ་དམག་མིས་གྲི་མདུང་བཟུང་ནས་ཁོའི་གཟིམ་ཁང་ནང་མཆོངས་འགྲོ་བའི་སྐབས་སུ།ལོ་ན73ལ་སླེབས་པའི་ལོ་བགྲེས་ཀྱི་རྒན་པོ་དེས་བློ་གཅིག་སེམས་གཅིག་གིས་དབྱིབས་རྩིས་རི་མོ་ཞིག་འབྲི་བཞིན་ཡོད་པ་དང་དབྱིབས་རྩིས་རི་མོ་དེ་གང་འདྲ་བྱས་ནས་འགྲོལ་དགོས་པའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད། དགྲ་བོའི་རལ་གྲི་ཁོའི་སྣ་འགོར་ཁེལ་ལ་ཉེ་བ་དང་ཁོས་བསམ་གཞིགས་བཏང་བའི་ཁྲོད་ནས་ཚུར་སད་དེ་ད་གཟོད་མིག་སྔོན་གྱི་དོན་དག་དེ་རྣམས་རྟོགས་པ་རེད།འོན་ཀྱང་ཁོས་བབ་བརླིང་སྒོས་དགྲ་བོའི་རལ་གྲི་ཕར་ཙམ་འདེད་ནས་ཁྱོད་ཚོས་ཅུང་ཙམ་བསྒུགས་ནས་ངའི་སྐེ་ཆོད་དང་།ད་དུང་ང་ལ་དུས་ཚོད་ཅུང་ཙམ་སྟེར་ནས་དབྱིབས་རྩིས་འདིའི་ངེས་ལུགས་དེ་འགྲོལ་ཚར་དགོས་མ་གཏོགས་རྗེས་མའི་མི་རྣམས་ལ་འགྲོལ་མ་ཚར་བའི་ངེས་ལུགས་ཤིག་འཇོག་མི་ཉན་ཞེས་བཤད་ནའང་གདུག་རྩུབ་ཅན་གྱི་ལའོ་མའི་དམག་མིས་ཁ་གྲགས་ལོང་མ་སྟེར་བར་ཁོ་དམར་བསད་བཏང་བ་རེད།

    དབྱི་ཏ་ལིའི་ཚན་རིག་པ་པོ་ལའོ་རའོ་ནི་བདེན་དོན་སྲུང་སྐྱོབ་བྱེད་ཆེད་འདས་པ་ཞིག་ཡིན། ཁོ་འདས་སྐབས་ཀྱི་ཞལ་ཆེམས་ཀྱིས་འཇིག་རྟེན་གཡོ་འགུལ་བྱེད། པོ་ལའོ་རའོས་ཀོ་པེ་ཉིའི་ཉི་མ་ལྟེ་བའི་ཤོད་སྲོལ་དེ་ཁྱབ་བསྒྲགས་རྒྱུན་འཁྱོངས་བྱས་པར་བརྟེན། སྤྱི་ལོ1600ལོའི་ཟླ་བ་གཉིས་པར་ཆོས་ཚོགས་ཀྱིས་གསོན་པོ་མེར་བསྲེགས་པ་རེད། པོ་ལའོ་རའོས་དྲག་ཏུ་འབར་བའི་མེ་ལྕེ་ལ་གཟིགས་བཞིན་ཚིག་ཐག་ཆོད་པོས་ངས་མི་འདང་བར་འདུག ངས་གཏང་འདོད་མེད། ང་ལ་གཏོང་འོས་པའི་དོན་དངོས་ཤིག་གཏན་ནས་མེད་ཅེས་པ་དང་བདེན་དོན་གྱི་ཆེད་དུ་ཤི་ན་ཆེས་བདེ་སྐྱིད་རེད་ཅེས་བརྗོད་ནས་ཚེ་ལས་འདས་སོ།།

    ཨུ་རུ་སི་རྒྱལ་ཁབ་ཀྱི་ཚན་རིག་པ་ནེང་ཚུ་མིན་ནི་ཚན་རིག་ཚོད་ལྟའི་ནང་ཤི་བ་ཞིག་རེད།1752ལོར་ནེང་ཚུ་མིན་དང་ལྭོ་མོང་རོང་སོ་ཧྥུ་གཉིས་ཀྱིས་མཉམ་དུ་གློག་འཁྱུག་པའི་གསང་བར་རྟོག་ཞིབ་བྱས། ཁོ་ཚོས་སེམས་ལ་འབྲུག་གྲགས་པ་དང་གློག་འཁྱུག་པ་གཉིས་ནི་ནམ་མཁའི་གློག་འཕྲོ་བའི་སྣང་ཚུལ་ཞིག་ཡིན་ཚོད་ལ་ངོས་འཛིན་བྱས་ཏེ། ཁང་པའི་ཐོག་ཏུ་ལྕགས་དབྱུག་རིང་པོ་ཞིག་གྱེན་ཏུ་བསླངས་ཏེ་དེའི་སྣེ་མོར་ལྕགས་སྐུད་ཅིག་དཀྲིས་ནས་མཁའ་དབྱིངས་ཀྱི་གློག་དེ་མར་ཁྲིད་འདོད་བྱས། འབྲུག་སྐད་སྒྲོག་ཅིང་གློག་འཁྱུག་པ་དང་། རླུང་དང་ཆར་བ་མཉམ་བསྲེས་བྱེད་པའི་དགོང་མོ་ཞིག་ལ་ནེང་ཚུ་མིན་གྱིས་ལྕགས་སྐུད་གཅིག་གི་སྣེ་མོར་བཟུང་ཞིང་ལྭོ་མོང་རོང་སོ་ཧྥུ་ཁང་པའི་ཐོག་འཛེགས་ནས་མཁའ་དབྱིངས་ཀྱི་གློག་དེ་མར་ཁྲིད་ཡོང་བསམ་པའི་སྐབས་དེར། མཁའ་དབྱིངས་སུ་གློ་བུར་དུ་གློག་འཁྱུག་པ་དང་ནེང་ཚུ་མིན་སྐད་ཅིག་ལ་གློག་འཁྱུག་ནས་བསད་བ་རེད། ལྭོ་མོང་རོང་སོ་ཧྥུས་ནེང་ཚུ་མིན་ལ་མྱ་ངན་ཞུ་བའི་ཡི་གེ་བཀླགས་ཚར་བ་ཙམ་ནས་མུ་མཐུད་དུ་ཚེ་སྲོག་གི་ཉེན་ཁ་ལ་མ་བལྟོས་པར་ཡང་བསྐྱར་འབྲུག་གྲགས་པ་དང་གློག་འཁྱུག་པའི་གསང་བར་ཚོད་ལྟ་བྱས། ལྭོ་མོང་རོང་སོ་ཧྥུའི་ངོས་ནས་བཤད་ན་ཚན་རིག་གི་མཁར་རྫོང་བླངས་དགོས་ན་དམག་འཁྲུག་ལྟ་བུའི་མི་ཤི་བ་ཡོད་པ་དང་རྨས་སྐྱོན་བྱུང་བ་ཡོད་ནའང་དཔའ་ངར་ཞུམ་མེད་ཀྱི་ངང་ནས་སྔོན་ཕྱོགས་སུ་བསྐྱོད་ན་ད་གཟོད་རྒྱལ་ཁ་ཐོབ་ཐུབ་པའི་འགྱུར་བ་མེད་པའི་འདོད་འདུན་སྐྱེས།

    ད་དུང་ཤི་རྒྱུར་མི་སྐྲག་པའི་སྐད་གྲགས་ཅན་གྱི་ཚན་རིག་པ་ཞིག་ཡོད་པ་དེ་ནི་རུའེ་ཏན་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པ་བ་རཱོ་པེ་ཨཱར་ཞུ་བ་དེ་རེད། རཱོ་པེ་ཨཱར་གྱིས་མེ་རྫས་ཞིབ་འཇུག་བྱས་པས་ཁོང་གི་ཞིབ་འཇུག་ལས་དོན་དེ་ནི་གཟའ་ཡི་ཁ་ནས་ཉི་ཟླ་འཕྲོག་པ་ཞིག་རེད་ཅེས་གསུང་། ཅུང་ཙམ་དོགས་གཟོབ་མ་བྱས་ན་གཟའ་ཞེས་པ་དེ་ཐུགས་ཁྲོས---------འབར་གས་འབར་ན་ལྡིར་སྒྲ་ཆེན་པོ་གྲག་ཀྱིན་ཡོད། ཐེངས་ཤིག་ལ། ཚོད་ལྟ་བྱེད་བཞིན་པའི་མེ་རྫས་དེ་ནི་ཚོད་ལྟའི་ཁང་ནང་ནས་འབར་བས་མི་ལྔ་བསད་ཤོར་བ་དང་དེའི་ནང་རཱོ་པེ་ཨཱར་གྱི་ནུ་བོ་ལོས་དེ་ཝའན་ཡང་ཡོད་ལ་ཁོང་གི་ཕ་རྒན་ལའང་རྨས་ལྗིད་མོ་ཕོག ཡིན་ན་ཡང་རཱོ་པེ་ཨཱར་འཆི་བར་མི་སྐྲག་པར་ད་དུང་ཤུགས་གང་ཡོད་ཀྱིས་མེ་རྫས་ཀྱི་གསང་བ་རྟོགས་ཆེད་འབད་པ་རེད། ཐེངས་བརྒྱ་ཕྲག་ལ་ཚོད་ལྟ་བྱས་པས་ཐེངས་ཤིག་ལ་འབར་རྫས་འབར་ནས་ཁོ་རང་གི་ལུས་ཡོངས་རྫོགས་ལ་ཁྲག་གིས་ཁྱབ་ཡོད་ནའང་ཁོས་ད་དུང་ངའི་ཚོད་ལྟ་ལེགས་འགྲུབ་བྱུང་སོང་། ངའི་ཚོད་ལྟ་ལེགས་འགྲུབ་བྱུང་སོང་ཞེས་དགའ་འབོད་བྱས།

    ཨེན་དབྱིང་སི་ཐན་གྱིས་དེང་རབས་ཚན་རིག་གི་ཡར་རྒྱས་ཐད་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། ཁོང་ཉིད་འདའ་ཁར་དྲན་རྒྱུ་ཉག་གཅིག་ཡོད་པ་དེ་ནི་མི་གཞན་གྱིས་བསྟོད་པ་དང་བཀའ་དྲིན་ཞུ་བར་རེ་སྒུག་བྱེད་པ་ཙམ་མ་ཡིན་པར་ཁ་ཆེམས་དུ་མི་མང་ལྷན་འདུས་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་རྩ་མེད་དུ་གཏོང་དགོས་ཞེས་པ་དེ་ཡིན།

    རཱོ་པེ་ཨཱར་སྐུ་འཁྲུངས་ནས་མ་འདས་བར་མེ་རྫས་སྣ་མང་ལ་ཞིབ་འཇུག་བྱས་ཏེ་མེ་རྫས་ཀྱི་བཟོ་གྲྭ་བཅོ་ལྔ་བཙུགས་པས་ཕྱུག་པོ་ཆེན་པོར་ཆགས། འོན་ཀྱང་ཁོང་འདས་ལ་ཉེ་སྐབས་སེམས་སུ་དྲན་པ་ནི། ཁོའི་ཁ་ཆེམས་ལ་རུའེ་ཏན་སྲིད་གཞུང་གིས་ཁོའི་རྒྱུ་ནོར་དེས་རཱོ་པེ་ཨཱར་གསེར་གྱི་རྟགས་མ་བྱས་ནས་མི་མང་པོར་ཚན་རིག་གི་ཡང་རྩེར་འཛེགས་པར་སྐུལ་མ་གཏོང་བའི་རེ་བ་བཏོན། མི་རྣམས་ཀྱིས་ཁ་རྒྱུན་ལ་ཚན་རིག་གི་དོན་དུ་རང་སྲོག་འབུལ་དགོས་ཞེས་བཤད་ཀྱིན་ཡོད། གོང་གི་ཚན་རིག་པ་རྣམས་འཇིག་རྟེན་འདི་དང་ཁ་བྲལ་བའི་སྐབས་ཀྱི་གསེར་འོད་འཕྲོ་བའི་བྱས་རྗེས་དེ་དག་ནི་ཚན་རིག་གི་དོན་དུ་རང་སྲོག་ཕུལ་བའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་རེད།

  • ལེ་ཚན་སྔོན་མ།:མི་ལས་ངན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།