ཁལ་ཁ་རྗེ་བཙུན་དམ་པ་ཡེ་ཤེས་བསྟན་པའི་ཉི་མ།

        2019-07-12

༼  ཁལ་ཁ་སྐུ་ཕྲེང་གསུམ་པ།༽ ཁམས་ཁུལ་ལི་ཐང་དུ་ཡབ་དཔོན་བསྟན་འཛིན་མགོན་པོ་དང་ཡུམ་ནོར་འཛིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་སྟག༼ ༡༧༥༨༽ ལོར་འཁྲུངས།གོང་མའི་བཀས་མངགས་བློན་ཆེན་ལིའུ་ཨམ་བན་དང་།ཛ་སག་ཐུ་ཧན་སོགས་ཀྱིས་ལི་ཐང་ནས་གདན་དྲངས་ཏེ་མཚོ་བདུན་དགོན་པར་ཕེབས།དེར་གོང་མ་ཆན་ལུང་དང་མཇལ་ཞིང་། ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པ་དང་ཆོས་བཀའ་མང་དུ་གསན། དགུང་ལོ་བདུན་ལ་ཕེབས་པ་ཤིང་སྤྲེལ༼ ༡༧༦༤༽ ལོར་ཁལ་ཁའི་ཁུ་རེ་ཆེན་མོའི་དགོན་པའི་ཁྲི་ལ་མངའ་གསོལ་ཞུས།ཡོངས་འཛིན་ནོ་མོན་ཧན་གྱི་དྲུང་ནས་རིག་གནས་མདོ་སྔགས་དང་བཅས་པ་གསན་བསམ་ལེགས་པར་མཛད་ཅིང་།ངོ་མཚར་བའི་མཛད་པ་སྣ་ཚོགས་བསྟན་བཞིན་པའི་མུ་ནས།དགུང་ལོ་བཅུ་བདུན་པ་རབ་བྱུང་དེ་གའི་ཤིང་རྟ༼ ༡༧༧༤༽ ལོར་དགོངས་པ་མྱ་ངན་ལས་འདས་སོ།།

༼  དུང་དཀར་ཚིག་མཛོད་ཆེན་མོ ༽ ལས་བཤུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན།
  • ལེ་ཚན་རྗེས་མ།:སྔོ་སེར་དཀར་དམར་བཞིའི་ཐ་སྙད་དང་ཐ་སྙད་ཀྱི་གོ་རིམ་གཏན་དུ་ཕབ་སྟངས།
  • དོ་སྣང་ཆེ་བའི་རྩོམ།