ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་རྐྱེན་གཞན་ཞིག་ཤེས་རྟོགས་ཐུབ་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2019-07-11

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ7ཚེས3ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་སློབ་ཆེན་ས་མཐོའི་གསོ་བ་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀེ་རི་ལི་ཚོགས་པའི་ཞིབ་འཇུག་གསར་པ་ཞིག་གི་གྲུབ་འབྲས་ལས་མངོན་གསལ། ས་མཐོའི་གསོ་རླུང་ཉུང་བའི་ཁོར་ཡུག་ཁྲོད་ཕྲ་ཕུང་གི་ཚེ་ཚད་རིང་དུ་འགྲོ་བ་ནི་ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་རྐྱེན་གཞན་ཞིག་རེད། ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་ནི་ས་མཐོའི་གཅོང་ནད་ཅིག་ཡིན་པ་དང་བསྡུས་མིང་ལ་མཐོ་དམར་ནད་ཅེས་ཟེར་བ་དང་མང་ཆེ་བ་ས་མཐོའི་གནས་སྤོས་ཡུལ་མིར་ཕོག་གི་ཡོད། ས་བབ་མཐོ་ཚད་གཅིག་པ་ཡིན་པའི་མི་ཐང་མ་དང་བསྡུར་ཚེ་མཐོ་དམར་ནད་ཕོག་པའི་ནད་པའི་ཕྲ་ཕུང་དམར་པོ་འཕེལ་ཚད་མང་དྲགས་ནས་མགོ་ན་བ་དང་། དབུགས་ཧལ་བ། ཤུགས་མེད་པ། གཉིད་མི་ཁུག་པ་སོགས་ཀྱི་ནད་རྟགས་ཐོན་སླ་པོ་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་ཆེད་དམིགས་ཡིག་ཆ་བཏོན་ནས་ཞིང་སྡེའི་གནད་དོན་འདི་དག་ཐག་གཅོད་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སློབ་ཆེན་སློབ་མར་ཕུགས་འདུན་ཆེན་པོ་དང་ནན་ནན་ཏནཏན་གྱིས་རྒྱལ་ཁབ་ཀྱི་རྐང་འཛིན་དང་ཀ་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ།
  • དོ་སྣང་ཆེ་བའི་རྩོམ།