རང་ཁུལ་དུ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསོ་སྦྱོང་སྤེལ་བཞིན་ཡོད།

སྐལ་ཐུབ་དང་ཨོ་རྒྱན།        2019-07-10

རང་ཁུལ་དུ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསོ་སྦྱོང་སྤེལ་བཞིན་ཡོད།


   སྤྱི་ཟླ7པའི་ཚེས10ཉིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི“བརྗིད་ཆགས་པའི་ལོ་ངོ་བདུན་ཅུ། དུས་རབས་གསར་པར་འབད་འཐབ་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་དཀར་མཛེས་ཁུལ་གྱི་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་ཁུལ་བརྙན་འཕྲིན་ཁང་དུ་འཚོགས་པ་རེད།


རང་ཁུལ་དུ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསོ་སྦྱོང་སྤེལ་བཞིན་ཡོད།


   དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཏེན་གྱིས་འགོ་ཚུགས་མཛད་སྒོའི་གཙོ་འགན་བཞེས་ཤིང་། ཉིན་གསུམ་གྱི་རིང་གི་གསོ་སྦྱོང་གི་སྒྲིག་ལམ་དང་རེ་འདུན་སྐོར་ལ་བླང་བྱ་གསུམ་བཏོན་ཡོད་དེ། གཅིག་ནི་བསམ་བློ་གསར་བསྒྱུར་དང་གྲ་སྒྲིག་ཚགས་ཚུད་བྱས་ཏེ་བསམ་བློའི་འདུ་ཤེས་དང་གནས་བབ་བརྡར་གཅོད་ཐད་ཕན་འབྲས་གསར་པ་ཐོན་པ་དང་། གཉིས་ནི་སློབ་སྦྱོང་ནན་ཏན་དང་བསམ་གཞིགས་ཧུར་ཐག་བྱས་ཏེ་རིག་གཞུང་གི་བྱང་ཚད་དང་ཐོས་བརྩོན་ཟུང་འབྲེལ་ཐད་ལ་ཕན་འབྲས་གསར་པ་ཐོན་པ། གསུམ་ནི་ཉམས་མྱོང་ཕྱོགས་བསྡོམས་དང་དཔེ་སྟོན་ལེགས་པོ་བྱས་ཏེ་ཚོ་ཁག་གི་འཐབ་ཤུགས་ཇེ་ཆེར་གཏང་བའི་ཐད་ལ་ཕན་འབྲས་ཐོན་པ་བྱ་དགོས།
    དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་མི་སྣ་གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད། 
   ཉིན་གསུམ་གྱི་རིང་ལ་པེ་ཅིང་དགེ་འོས་སློབ་ཆེན་གྱི་འབུམ་རམས་པ་ཧོ་ཁང་དང་འཕྲིན་སྦྱོར་བ་མཁས་ཅན་ལིའུ་ཅེ་ལིའང་། ཁྲེན་ཏུའུ་ཧྭ་ཚོང་རྨང་ལས་གསོ་སྦྱོང་ཚོགས་པ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གསར་འགྱུར་ཁྱབ་སྒྲོག་ཞིབ་མཇུག་ཁང་གི་ལི་ཧའེ་དང་སི་ཁྲོན་སློབ་ཆེན་རྩོམ་རིག་གསར་འགྱུར་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀྲུའུ་ཐེན་བཅས་ཀྱིས་འཆད་ཁྲིད་གནང་རྒྱུ་རེད།
    ཐེངས་འདིའི་གསོ་སྦྱོང་མཇུག་བསྒྲིལ་རྗེས་གསོ་སྦྱོང་ལ་ཞུགས་པའི་མི་སྣ་དག་ཚོ་ཁག་དྲུག་ལ་བགོས་ནས་རྫོང་དང་གྲོང་ཁྱེར་སོ་སོར་བཅར་འདྲིར་འགྲོ་རྒྱུ་དང་། དེ་ནས་ལས་རིམ་དག་ཡོངས་སུ་ཚར་རྗེས་གཅིག་བསྡུས་ཀྱི་ཞིབ་དཔྱད་ཚོགས་འདུ་བསྡུས་ནས་སྤྱི་ཟླ11པའི་ཚེས8ཉིན་དཔྱད་འདེམས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་སྔོ་ཚལ་དྲོད་ཁང་ཆུང་ཆུང་ལས་ཕན་འབྲས་ཆེན་པོ་ཐོན།
  • ལེ་ཚན་རྗེས་མ།:དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག
  • དོ་སྣང་ཆེ་བའི་རྩོམ།