རང་ཁུལ་གྱི་མི་འབོར4790ཞིང་ལས་ཐོན་ལས་ལ་བརྟེན་ནས་དབུལ་ཐར་བྱུང་།

ཡེ་མིང་གིས་བྲིས།        2019-07-08

   ད་ལོ་ནས་བཟུང་། རང་ཁུལ་གྱིས“སྐོར་གཅིག་རྒྱུད་གཅིག་བར་ཁྱམས་གཅིག”གི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་ཀའི་ཆགས་ཚུལ་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བར་བརྟེན། མི་འབོར4790ཞིང་ལས་ཐོན་ལས་ལ་བརྟེན་ནས་དབུལ་ཐར་བྱུང་བ་རེད།

“ཁྱད་ཆོས་ཐོན་ལས་ཀྱི་རྟེན་གཞི་འཛུགས་རྒྱུ་དང་རྟེན་གཞི་འཕེལ་རྒྱས་བཏང་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་བའི”བསམ་ཕྱོགས་ལ་གཞིགས་ནས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ཀྱིས་གནས་བབ་དང་བསྟུན་ནས་ལྷད་མེད་སྔོ་ཚལ་དང་ཁྱད་ཆོས་ལྡན་པའི་ཤིང་ཏོག རྒྱ་བོད་སྨན་རྩྭ་སོགས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དང་། བོད་ཕག་དང་གནག་ཕྱུགས། བོད་བྱ་སོགས་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ་མང་ཚོགས་དབུལ་ཕོངས་རྒྱུན་མཐུད་དུ་བརྟན་ཁྲོད་ཡོང་འབབ་འཕར་བར་འགན་སྲུང་བྱས་པ་རེད།

“ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་རྣམ་པ་གསར་པའི་ལས་རིགས་ཞིང་པ་དང་རྣམ་པ་གསར་པའི་ཞིང་ལས་གཙོ་གཉེར་བྱེད་མཁན་གྱི་གཙོ་ཕྱོགས་གསོ་སྐྱོང་བྱ་རྒྱུའི”དམིགས་ཡུལ་ལ་གཞིགས་ནས་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་ལས་ཀྱི་ལས་གཞི་གཅིག་དང་ལག་རྩལ་ཞབས་ཕྱི་པ་གཅིག ཚན་རྩལ་དཔེར་སྟོན་དུད་ཚང་། དུད་ཚང་དབུལ་ཕོངས་བཅས་མཉམ་འདྲེས་བྱས་པའི་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཕྱི་སྒྲུབ་སྟངས་འཐུས་སྒོ་ཚང་དུ་བཏང་དང་ཆབས་ཅིག ཞིང་ལས་ལག་རྩལ་སྡེ་ཁག་གིས་ཡུལ་གྲོང་དང་འབྲེལ་བ་བྱས་ཏེ་དུད་ཚང་འགན་གཙང་ལེན་བྱས་པའི་ལམ་ལུགས་ལག་ལེན་བསྟར་ནས་དུད་ཚང་དབུལ་ཕོངས་རེ་ལ་ཞིང་ལས་ཚན་རྩལ་མི་སྣ་གཅིག་ཁྲིད་སྟོན་བྱེད་མཁན་ཡོད་པར་འགན་ལེན་བྱས་པ་རེད། ད་ལོ་ནས་བཟུང་། ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི21གསར་སྐྲུན་བྱས་ཏེ་ཚན་རྩལ་དཔེ་སྟོན་དུད་ཚང2267གསར་དུ་གསོ་སྐྱོང་བྱས་ཤིང་། རྣམ་པ་གསར་པའི་ལས་རིགས་ཞིང་པ105གསོ་སྐྱོང་བྱས་ཡོད་པ་རེད།དེ་དང་ཆབས་ཅིག གྲོང་སྡེའི་ཏང་རྩ་འཛུགས་དང་མཉམ་ལས་ཁང་། ཁེ་ལས། དུད་ཚང་དབུལ་ཕོངས་བཅས་མཉམ་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས་ཞིང་ལས་ལྡུམ་ཁུལ་དང་མཉམ་ལས་ཁང་། ཁྱིམ་གཞིས་ཞིང་ར་སོགས་ཀྱི་རྣམ་པ་གསར་པའི་ཚོང་གཉེར་གཙོ་ཁྲིད་འཛུགས་སྐྱོང་བྱས་ཏེ་ཞིང་ལས་དང་འབྲེལ་བའི་ཁེ་ལས་ཀྱིས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ཚོང་རར་འབྲེལ་བ་དང་ལག་ཤེས་གསོ་སྦྱོང་། ཡུལ་དངོས་སུ་ཞབས་ཕྱི་སྒྲུབ་པར་སྐུལ་སློང་བྱས་པ་རེད། ད་ལོ་ནས་བཟུང་། དེང་རབས་ཞིང་ལས་ལྡུམ་ཁུལ་གཅིག་དང་སྤྲོ་གསེང་གཏོང་སའི་ཞིང་ལས་ཆེད་ལས་གྲོང་སྡེ་གཉིས། ཞིང་ཆེན་རིམ་པའི་ཞིང་ལས་མཉམ་ལས་ཁང5དང་ཞིང་ཆེན་རིམ་པའི་ཁྱིམ་གཞིས་ཞིང་རའི་དཔེ་སྟོན་རྟེན་གཞི6བཅས་འཛུགས་སྐྱོང་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་དབེན་པོ་ཡུལ་ཤོག་གིས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་གསར་སྐྲུན་བྱས།
  • ལེ་ཚན་རྗེས་མ།:འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།