ཚན་རྩལ་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་འབྲོག་པའི་དབུལ་ཐར་ཕྱུག་འགྱུར་ལ་རམ་འདེགས་བྱས།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2019-07-08

སྔོན་ཆད་བེད་མེད་ཀྱི་ཕྱུར་བ་རྙིང་པ་དེ་དག་ད་ཆ་གསར་རྡོག་ལ་གྱུར་ཡོད་ཅེས་སྒྲོལ་མ་རབ་བརྟན་གྱིས་རང་ཉིད་ཀྱི་སྒོ་རའི་ནང་སྐམ་པའི་ཕྱུར་བར་མཛུབ་མོ་བཙུགས་་ནས་དེ་ལྟར་བརྗོད་པ་དང་། དཀར་མདངས་ལྡན་པའི་ཕྱུར་བ་དེ་དག་ཉི་འོད་ཀྱི་འོག་ཏུ་དེ་བས་བཀྲག་མདངས་ཆེ། ཉིན་ཤས་ནས་ཕྱུར་བ་དེ་དག་སྐམ་རྗེས་རེ་རེ་བཞིན་རྩྭ་རས་ནང་བླུགས་ཏེ་ས་གནས་དེ་གའི་ཁེ་ལས་གྱི་ཕྱུར་རྩི་ཐོན་སྐྱེད་འཁོར་ཁང་ནང་སྐྱེལ་དགོས་ཀྱི་ཡོད། ལས་སྣོན་བརྒྱུད། ཕྱུར་བ་དེ་དག་ཡང་བསྐྱར་ཕྱུར་རྩིར་གྱུར་ནས་ཁེ་ལས་ཀྱིས་འཛམ་གླིང་ས་ཕྱོགས་ཁག་ཏུ་འཚོང་གི་ཡོད་ཅེས་བརྗོད། ཕྱུར་རྩི་ནི་འོ་མའི་བཅུད་ལེན་ཐོན་རྫས་ཤིག་ཡིན་ཞིང་། ནུས་པ་ལྡན་པས་ཤོག་བཟོའི་བཟོ་ལས་དང་། ཀོ་ལྤགས་བཟོ་ལས། འཁེལ་འཐག་ལས་རིགས། དེ་བཞིན་བདེ་སྲུང་བཟའ་བཅའ་དང་། སྨན་རྫས། འཐུང་ཆ་སོགས་ཐད་སྤྱོད་གོ་ཆེ་བས་རྒྱ་ཁབ་ཕྱི་ནང་གི་ཁྲོམ་རར་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། སྒྲོལ་མ་རབ་བརྟན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་གྲོང་ཁྱེར་མཛོད་དགེ་སྨད་མ་ཤང་མའེ་ཝུའུ་གྲོང་ཚོའི་འབྲོག་པ་ཞིག་ཡིན་ཞིང་། ཁོང་གི་ནང་མི་ཚོས་སྔོན་ཆད་ས་ཞིང་འདེབས་པ་དང་། ཕྱུགས་གསོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བའི་ཡོང་འབབ་སྣ་གཅིག་ཡིན་ལ་ཕྱུག་འགྱུར་ཐབས་ལམ་ཡང་ཆུང་ཆུང་ཡིན། ཁོང་གིས་རང་ཁྱིམ་གྱི་ཕྱུར་བ་རྣམས་གསེར་རྡོག་ལ་འགྱུར་ཡོང་བསམ་པ་གཉིད་ལམ་དུའང་བཏང་མྱོང་མེད་ཅེས་བརྗོད།2003ལོའི་ཉིན་ཞིག ཀན་སུའུ་ཧྭ་ལིང་དཀར་ཆུ་ཐོན་རྫས་ཚོགས་པ་ཀུང་སིའི་ལག་རྩལ་པར་རྩྭ་ཐང་དུ་ཕྱུགས་འཚོ་བཞིན་ཡོད་པའི་སྒྲོལ་མ་རབ་བརྟན་ཐུགས། ཁོང་ཚོས་ངའི་ཁྱིམ་གྱི་ཕྱུར་བ་དེ་རྣམས་ཉོ་རྒྱུའི་སྐོར་བརྗོད་སྐབས་ངའི་སེམས་ནང་དེ་དག་ཉོས་ནས་གང་བྱེད་རྩིས་ཡོད་དམ་སྙམ་བྱུང་ཞེས་སྒྲོལ་མ་རབ་བརྟན་གྱིས་བརྗོད། དུས་དེ་ནས་བཟུང་། ཉིན་གསུམ་ནས་ལྔའི་བར་སྒྲོལ་མ་རབ་བརྟན་གྱི་ཁྱིམ་དུ་ཕྱུར་བ་ཉོ་བར་ཡོང་བ་མ་ཟད། ཁོང་ལ་ཕྱུར་བ་དེ་རྣམས་བཟོ་གྲྭའི་ནང་ལས་སྣོན་བྱས་རྗེས་ཕྱུར་རྩིར་གྱུར་ནས་ཚོང་གི་ཡོད་པས་ཁོང་ལ་མང་ཙམ་བཟོ་དགོས་པའི་རེ་བ་འདོན་གྱི་ཡོད།དེ་ནས་བཟུང་། སྒྲོལ་མ་རབ་བརྟན་དང་འདྲ་བའི་ཀན་ལྷོ་ཀྲོའུ་ཡི་འབྲོག་པ་དེ་བས་མང་བ་ཧྭ་ལིང་ཀུང་སིར་ཕྱུར་བ་མཁོ་འདོན་བྱེད་པའི་ལས་རིགས་ནང་ཞུགས། རྩྭ་ཐང་གི་ཕྱུར་བའི་རིན་གོང་ལྡབ་ནས་ཐོག་མའི་སྤྱི་རྒྱ་རེར་སྒོར1.2ནས་རིན་གོང་མཐོ་ཤོས་སྤྱི་རྒྱ་རེར་སྒོར53བར་འཕར་ཏེ་འཕར་ཚད་ལྡབ43ཙམ་ཟིན་ཡོད།སྒྲོལ་མ་རབ་བརྟན་གྱིས་ཧྭ་ལིང་ཀུང་སིར་ཕྱུར་བ་མཁོ་འདོན་བྱས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད་ཅིང་། ཁོང་གིས་བེད་མེད་ཀྱི་ཕྱུར་བ་རྙིང་པ་དེ་དག་ལས་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། ད་ཆ་ལོ་གཅིག་གི་ཡོང་འབབ་ཀྱི་ཕྱེད་ཀ་ཕྱུར་བ་ཚོང་བ་ལས་ཡོང་གི་འདུག་ཅེས་བརྗོད། སྒྲོལ་མ་རབ་བརྟན་གྱིས་ལོ་རེར་ཧྭ་ལིང་ཀུང་སིར་ཕྱུར་བ་སྤྱི་རྒྱ500བཙོངས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི1.5ལྷག་ཙམ་བྱུང་ཡོད།ཕྱུར་བ་ཐོན་སྐྱེད་དེ་བས་ལེགས་པ་བྱ་ཆེད། སྒྲོལ་མ་རབ་བརྟན་ཁྱིམ་གྱིས་ཆེད་མངགས་འཕྲུལ་ཆས་ཤིག་ཉོས་ཤིང་།འཕྲུལ་ཆས་ལ་བརྟེན་ནས་བཟོས་པའི་ཕྱུར་བ་དེ་སྲོལ་རྒྱུན་གྱི་བཟོ་སྟངས་ལས་སྤུས་ཚད་ལེགས་པ་འདུག་ལ་རིན་གོང་ཡང་མཐོ་པོ་རག་གི་འདུག་ཅེས་སྒྲོན་མ་རབ་བརྟན་གྱིས་བརྗོད། རྩྭ་ཐང་དུ་ཕྱུར་བའི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན་འབྲོག་པ་ཕལ་ཆེ་བས་འཕྲུལ་ཆས་དེ་རིགས་ཉོས་ནས་ཕྱུར་བ་བཟོ་སྐབས་དེ་བས་སྟབས་བདེ་ཡོང་བ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ཕྱུར་བ་ཉོས་ནས་ཕྱུར་རྩི་ཐོན་སྐྱེད་བྱས་པ་བརྒྱུད་ཀན་ལྷོ་ཀྲོའུ་ཡི་འབྲོག་དུད་ཁྲི2.95དང་ཤིན་ཏུ་དབུལ་བའི་ས་ཁུལ་་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཁྲི1.2ལ་སྐུལ་ཁྲིད་ཐུབ་ཡོད། མིག་སྔར། ཀན་ལྷོ་ཀྲོའུ་རྒྱལ་ཡོངས་ཀྱི་ཕྱུར་བ་ཉོ་ཚོང་ལྟེ་གནས་སུ་གྱུར་ཏེ་ཉོ་ཚོང་བྱེད་ཚད་བརྒྱ་ཆ86ཟིན་ནས་རང་རྒྱལ་གྱི་དཀར་ཆུའི་ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་།ཐོན་སྐྱེད། བྲིན་ཚོང་བཅས་ཀྱི་གཅིག་སྡུད་ཁུལ་གཙོ་བོར་གྱུར་ཡོད།


  • ལེ་ཚན་སྔོན་མ།:མངའ་རིས་ས་ཁུལ་གྱིས་ཤིན་ཏུ་དབུལ་བའི་རྫོང་དང་ཡུལ་ཤོག་གི་དབུལ་ཐར་ལས་དོན་ལ་གཞོལ་ཏེ་ལོ་གསུམ་རིང་དབུལ་པོ་ཁྲི1.6ལྷག་ཉུང་དུ་བཏང་ཡོད།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་སོ་ཕག་དང་རྫ་གཡམ་ལས་རིགས་དག་ཐེར་བཅོས་སྐྱོང་བྱས་ཏེ་དྭངས་གཙང་གི་ཨ་སྔོན་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།