མངའ་རིས་ས་ཁུལ་གྱིས་ཤིན་ཏུ་དབུལ་བའི་རྫོང་དང་ཡུལ་ཤོག་གི་དབུལ་ཐར་ལས་དོན་ལ་གཞོལ་ཏེ་ལོ་གསུམ་རིང་དབུལ་པོ་ཁྲི1.6ལྷག་ཉུང་དུ་བཏང་ཡོད།

        2019-07-04

      ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ6ཚེས25ཉིན་འབྱོར་བའི་གཏམ་གསར། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཤིན་ཏུ་དབུལ་བའི་རྫོང་དང་ཡུལ་ཤོག་དེ་བཞིན་དམིགས་བསལ་ཚོགས་སྤྱི་བཅས་ཀྱི་དབུལ་ཐར་ལས་དོན་ལ་གཞོལ་ཏེ། རིམ་རྩིས་བྱས་ན་ལོ་གསུམ་གྱི་རིང་དུད་ཚང་དབུལ་པོ4418ཀྱི་མི་གྲངས་16212ཉུང་དུ་བཏང་བ་དང་། གྲོང་ཚོ(གྲོང་ལྷན)85གྲོང་ཚོ་དབུལ་པོའི་གྲས་ནས་ཕུད་པ་དང་། སྒར་སོགས་རྫོང4ཡི་དབུལ་ཞྭ་ཕུད་ཁར་དབུལ་པོའི་མི་འབོར2015ལོའི་ལོ་མཇུག་གི་མི22948ནས2018ལོའི་ལོ་མཇུག་གི་མི་གྲངས6736བར་ཉུང་དུ་སོང་བ་དང་། དབུལ་པོར་གྱུར་ཚད་བརྒྱ་ཆ28.3ནས་བརྒྱ་ཆ8.3དུ་ཆག་ཡོད་པ་རེད། དབུལ་ཐར་མྱུར་ཚད་མགྱོགས་སུ་གཏོང་ཆེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི88འཆར་འགོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར14.69བཏང་བ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་དམངས་ཕྱུག་ཐོན་ལས་ཀྱིས་མི་གྲངས4758དབུལ་ཐར་བྱུང་བ་དང་མི་གྲངས14854འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པའི་ཁྲོད་གཙོ་ཁྲིད་ཐོན་ལས་ཡིན་པའི་ཡུལ་སྐོར་ལས་རིགས་ཀྱིས་མི་གྲངས2520དབུལ་ཐར་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། ནོར་ལུག་རྒྱགས་གསོ་བྱས་ནས་མང་ཚོགས་ལ་སྒོར་དུང་ཕྱུར1.36གི་ཡོང་འབབ་འཕར་བར་བྱས་ཡོད། དེ་དང་ཆབས་ཅིག་ས་ཁུལ་དེ་གས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཁ་གཏད་རོགས་སྐྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་མ་དངུལ་གཏོང་ཚད་དང་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། དཔྱད་ཡིག་ལས་མངོན་པ་ལྟར་ན། ལོ་གསུམ་གྱི་རིང་། མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར9.7བཏང་ནས་གནས་སྤོས་བྱ་ཡུལ30བསྐྲུན་ནས་དུད་ཚང2081གི་མི་གྲངས7742གནས་སྤོས་གཞིས་ཆགས་བྱུང་བ་དང་། སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.68སྤྲད་ནས་ཆེད་འགན་ཞོར་འགན་གྱི་སྐྱེ་ཁམས་ཁ་གསབ་ལས་གནས་སྣ་ཚོགས30767དོན་འཁྱོལ་བྱས་ཡོད། ཧྲའན་ཞི་ཞིང་ཆེན་དང་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་དབུལ་སྐྱོར་ལས་གཞི37དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་དབུལ་སྐྱོར་ལས་གཞི34བརྩོན་ལེན་བྱས་ཁར་ཏང་ཡོན་ལས་བྱེད་པ་ཁྲི1.4ཡིས་མང་ཚོགས་དབུལ་པོ་ཁྲི2.26ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད། དབུལ་ཐར་གྱི་གྲུབ་འབྲས་བརྟན་ལ་མཐོ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་སློབ་གསོ་དང་། སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ལ་མུ་མཐུད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྒྱ་ཆ90ཡན་གྱི་ནོར་སྲིད་མ་དངུལ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ནས་དབུལ་ཐར་འགག་སྒྲོལ་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་མ་གཏོང་བཞིན་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:མཚོ་སྔོན་གྱི་ཐང་གའི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་ཞང་ཀང་དུ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཚན་རྩལ་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་འབྲོག་པའི་དབུལ་ཐར་ཕྱུག་འགྱུར་ལ་རམ་འདེགས་བྱས།
  • དོ་སྣང་ཆེ་བའི་རྩོམ།