མཚོ་སྔོན་གྱི་ཐང་གའི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་ཞང་ཀང་དུ་འགོ་ཚུགས།

ཡེ་ཤེས་ཀྱིས་བསྒྱུར།        2019-07-04

     སྤྱི་ཟླ6ཚེས30ཉིན། རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ22འཁོར་བ་ལ་རྟེན་འབྲེལ་ཞུ་ཆེད། ཞང་ཀང་ལས་རིགས་ཁག་གི་རྟེན་འབྲེལ་མཛད་སྒོ་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དུ་གཞི་རྒྱ་ཆེ་བའི་རྟེན་འབྲེལ་ཞུ་བའི་མཛད་སྒོ་མང་པོ་སྤེལ་བཞིན་ཡོད། དེའི་ཁྲོད་དུ་མཚོ་སྔོན་གྱི་ཐང་གའི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་ཞང་ཀང་ལྟེ་གནས་དཔེ་མཛོད་ཁང་དུ་འགོ་ཚུགས་མཛད་སྒོ་སྤེལ་ཏེ། ཞང་ཀང་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་དང་མཉམ་དུ་རྒྱལ་ཁབ་དང་ཞང་ཀང་གི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། ཡུལ་དངོས་སུ་ཐང་ག་སྤུས་ལེགས་དང་། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས70ལྷག་འགྲེམས་སྟོན་བྱས་ཡོད་པར་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པས་ཡུལ་དངོས་སུ་ཐང་ག་བཞེངས་བཞིན་ཡོད།།


  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།
  • ལེ་ཚན་རྗེས་མ།:མངའ་རིས་ས་ཁུལ་གྱིས་ཤིན་ཏུ་དབུལ་བའི་རྫོང་དང་ཡུལ་ཤོག་གི་དབུལ་ཐར་ལས་དོན་ལ་གཞོལ་ཏེ་ལོ་གསུམ་རིང་དབུལ་པོ་ཁྲི1.6ལྷག་ཉུང་དུ་བཏང་ཡོད།
  • དོ་སྣང་ཆེ་བའི་རྩོམ།