བརྒྱད་ཟིལ་རྫོང་གིས་ལྟ་སྐུལ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་བཏང་ནས་ཉེན་མེད་ངང་ཆུ་འབྲུབ་པའི་དུས་སྐབས་བརྒལ་ཐུབ་པར་ཁག་ཐེག་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-07-04

     མིག་སྔར་ཆུ་འབྲུབ་པའི་དུས་སྐབས་ལ་འཁེལ་བར་བརྟེན། བརྒྱད་ཟིལ་རྫོང་འུ་ལ་གཤིས་ཡུལ་ཤོག་གིས་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཡུལ་ཤོག་ཡོངས་ཀྱི་ས་གཤིས་གནོད་སྐྱོན་གྱི་མངོན་མེད་ལྟ་སྐུལ་ཚད་ལེན་བྱེད་ཡུལ་སོ་སོར་ཕྱིན་ནས། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་ཡག་པོ་བཏང་ནས། ཡང་བསྐྱར་གནོད་སྐྱོན་ཐེབས་པར་ནན་འགོག་བྱས་ཏེ་ཉེན་མེད་ངང་ཆུ་འབྲུབ་པའི་དུས་སྐབས་བརྒལ་ཐུབ་པར་ཁག་ཐེག་བྱས་པ་རེད།

     ལས་སྒྲུབ་ཚོ་ཆུང་གིས་ལྟ་སྐུལ་ཚད་ལེན་བྱེད་མཁན་སོ་སོས་ཆུ་ལོག་སྔོན་འགོག་གི་ལྟ་སྐུལ་ཚད་ལེན་གྱི་ཉིན་ཐོ་ཡག་པོ་འགོད་པ་དང་། མཁོ་བསྟུན་མྱུར་སེལ་བྱ་རྒྱུའི་གྲབས་གཤོམ་ཇུས་གཞི་ལྟར་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་ཚུལ་དང་། མཁོ་བསྟུན་ཕྱིར་འཐེན་གྱི་ལམ་ཐིག མཁོ་བསྟུན་ཉེན་གཡོལ་བྱེད་སའི་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཡུལ་དངོས་སྦྱོང་བརྡར་བྱས་ཏེ་མང་ཚོགས་ཀྱིས་གསུམ་གསལ་པོ་ཤེས་ཐུབ་པ་བྱེད་པ། ལྟ་སྐུལ་ཚད་ལེན་བྱེད་ས་སོ་སོའི་གདམ་ཚིག་བྱང་བུ་ཐོག་གི་ཆ་འཕྲིན་ཞིབ་བཤེར་ནན་ཏན་བྱེད་པ་དང་།ལྟ་སྐུལ་ཚད་ལེན་བྱེད་མཁན་གྱིས་འབྲི་ནོར་ཐེབས་པའི་ཆ་འཕྲིན་དེ་དག་དུས་ཐོག་ཏུ་ནོར་བཅོས་བྱས་ཏེ་གདམ་ཚིག་བྱང་བུ་དང་ཤེས་གསལ་བྱང་བུ་གཅིག་མཚུངས་ཡིན་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ15ཞིང་ཆེན་རིམ་པའི“མིང་བྱང”དུ་ཚུད།
  • ལེ་ཚན་རྗེས་མ།:སྐད་སྒྲའི་གཤོག་རྩལ་ངོམས་ནས་དུས་རབས་གསར་པའི་ཕུགས་འདུན་གྱི་མཁའ་དབྱིངས་སུ་འཕུར།
  • དོ་སྣང་ཆེ་བའི་རྩོམ།