ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་གྲོས་ཚོགས་བསྡུས།

        2019-07-02

  ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་གྲོས་ཚོགས་བསྡུས་ཏེ། མངག་བཅོལ་ལྟར་ཞིབ་བཤེར་བྱས་པའི་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡར་ཞུའི་གནས་ཚུལ་ལ་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པར་དམིགས་ཏེ། དམངས་ཆེན་བྱ་བའི་སྤྱིའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བཅའ་ཁྲིམས་སྒྲིག་སྲོལ་དངོས་འབེབས་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ད་ལོའི་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་དྲུག་པའི་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་ཞིང་ཆེན་བརྒྱད་དུ་སོང་ནས་ཞིབ་བཤེར་བྱས་པ་དང་མཉམ་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ཏེ་རང་རང་གི་སྲིད་འཛིན་ཁུལ་ཁོངས་ནང་ཁུལ་གྱི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས། ཡར་ཞུའི་ཚོགས་ཐོག་ཏུ་མངག་བཅོལ་ལྟར་ཞིབ་བཤེར་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཞིབ་བཤེར་གནས་ཚུལ་ཡར་ཞུ་བྱས།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོས་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། ཏང་ཨུའི་འགོ་ཁྲིད་འོག་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་དམ་པོར་སྦྲེལ་ཏེ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་སྤོབས་པ་ཆེན་པོས་དོན་དངོས་གནད་དོན་ཐག་གཅོད་བྱས་ལ། གསར་སྐྲུན་རྣམ་པ་དང་སྒྲུབ་སྟངས་ལ་འཚོལ་ཞིབ་བྱས་པ་དང་། བཅའ་ཁྲིམས་ལག་བསྟར་ལ་ཤུགས་རྐྱེན་ཐེབས་པ་དང་བྱ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཐེབས་པའི་འབུར་ཐོན་གནད་དོན་རྩད་གཅོད་བྱས་པར་མ་ཟད། ཞིབ་བཤེར་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པ་དང་ལག་བསྟར་བྱེད་ཞོར་དུ་བཅོས་སྒྱུར་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར།


  • ལེ་ཚན་སྔོན་མ།:ཝང་དབྱང་གིས་ཀའོ་ཅིན་སོ་མཱེ་འཁོར་དང་བཅས་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།