རང་རྒྱལ་གྱིས་འབྲི་ཆུའི་མཁལ་མར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་

ཡེ་ཤེས་ཀྱིས་བསྒྱུར།        2019-07-01

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ6པའི་ཚེས22ཉིན་འབྱོར་བའི་གཏམ་གསར།   2019ལོའི་འབྲི་ཆུའི་འདམ་ར་སྲུང་སྐྱོང་དྲྭ་རྒྱའི་ལོ་ཚོགས་ཉིན་ཤས་གོང་མཚོ་སྔོན་ཟི་ལིང་དུ་འཚོགས་པ་རེད།

    ཚོགས་འདུའི་ཞུགས་མཁན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་འབྲེལ་ཡོད་སྡེ་ཚན་བར《ཟི་ལིང་གི་ཐུན་མོང་ངོས་འཛིན》གྲུབ་ནས།མཉམ་དུ་འབྲི་ཆུ་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱས་ཏེ།འབྲི་ཆུའི་ཚེ་སྲོག་གི་འབྱུང་ཁུངས་ལ་སྲུང་སྐྱོང་བྱ་དགོས་ཞེས་བརྗོད་པ་རེད། སའི་གོ་ལའི་མཁལ་མ་ཞེས་པའི་འདམ་ར་ནི་སའི་གོ་ལའི་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུད་ཁུལ་ཡིན་པས། གནམ་གཤིས་སྙོམ་སྒྲིག་དང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད།འབྲི་ཆུའི་འབབ་རྒྱུད་ཀྱི་ཁྱབ་ཁོངས་སུ་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་ལྷག་ཙམ་ཡོད་པར་ཁོངས་གཏོགས་ཁུལ་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པར་མ་ཟད། ནགས་ཚལ་དང་། འདམ་ར།རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་མ་ལག་ཀྱང་ཐུན་མོང་མ་ཡིན་པ་དང་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འདམ་ར་དོ་དམ་སིའི་སྐོར་གཟིགས་པ་ཁྲེང་ལེའང་གིས2016ལོ་ནས2018ལོའི་བར་ཀྲུང་དབྱང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར20.86བཏང་ནས་འབྲི་ཆུའི་འདམ་རར་སྲུང་སྐྱོང་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་འདམ་རའི་ཁ་གསབ་རྣམ་གྲངས་དང་འདམ་རའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལས་དོན་བསྒྲུབས་པར་འདམ་ར་སྲུང་སྐྱོང་གི་འདུ་འགོད200ལྷག་ཙམ་ཟིན་པ་དང་རྨོ་བསྐྱུར་འདམ་བཟོ་མུའུ་ཁྲི30.36བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཁྲུང་ཁྲུང་ནག་པོ།
  • དོ་སྣང་ཆེ་བའི་རྩོམ།