དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ།

        2019-06-27

དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ།

    དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཟླ8པའི་ཚེས17ཉིན་ནས24ཉིན་གྱི་བར་དར་རྩེ་མདོ་རུ་སྤེལ་རྒྱུ་རེད།

དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ།

གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན།

     ཟླ6པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། དཀར་མཛེས་ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རེན་ཞའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རང་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁོས་འབྲེལ་ཡོད་སྡེ་ཚན་ཁག་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོས་སྤུས་ཚད་དང་ཚད་གཞི་མཐོ་ལ། ལས་ཆོད་ཆེ་བའི་སྒོ་ནས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀའི་རྣམ་གྲངས་ཁག་ཡག་པོ་བསྒྲུབ་རྒྱུ་དང་། འགྲན་བསྡུར་བྱེད་སྒོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ།

དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་།

  ཞའོ་ཡིའུ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་རིག་གནས་ལུས་རྩལ་ལས་ཀ་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་བྱུང་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཚན་ཁག་སོ་སོས“བདེ་ཐང་ཀྲུང་གོ”ཡི་འཐབ་ཇུས་ལག་བསྟར་དང་རྩལ་འགྲན་ལུས་རྩལ། མང་ཚོགས་ཀྱི་ལུས་རྩལ།ལུས་རྩལ་རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཟམ་མི་ཆད་པར་རང་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ལུས་རྩལ་ལ་བཅངས་པའི་འདོད་མོས་བསྐང་ཅི་ཐུབ་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།


  • ལེ་ཚན་སྔོན་མ།:ཆེས་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་གྲོང་སྡེ40ལ་རྒྱལ་ཁབ་རྟགས་ཅན་གྱི་མིང་བྱང་ཐོབ།
  • དོ་སྣང་ཆེ་བའི་རྩོམ།