ད་ལོར་ཉེན་མེད་བཟའ་བཅའ་ཐད་གཙོ་གནད་ལས་དོན21བཏོན།

གངས་སྐྱིད་ཀྱིས་བསྒྱུར།        2019-06-27

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས14ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་ཉེན་མེད་ཨུ་ཡོན་ལྷན་ཁང་གིས་གོང་ཚེས་ཉིན2019ལོའི་ཉེན་མེད་བཟའ་བཅའ་ཐད་ཀྱི་གཙོ་གནད་ལས་ཀ་བཀོད་སྒྲིག་བྱས་ཚུལ་པར་འགྲེམ་བྱས་པ་རེད།

   རྒྱལ་སྲིད་སྤྱི་ཁྱབ་ཁང་ཉེན་མེད་བཟའ་བཅའ་གཞུང་ལས་ཁང་གི་འགན་ཁུར་པས་བཤད་དོན། ཉེན་མེད་བཟའ་བཅའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས་ཉེན་མེད་བཟའ་བཅའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱ་ཆེད། ད་ལོར་ཉེན་མེད་བཟའ་བཅའ་ཐད་ཀྱི་གཙོ་གནད་ལས་ཀར་གཙོ་བོ་ཉེན་མེད་བཟའ་བཅའ་ལ་བློས་འཁེལ་བའི་ལས་གྲྭ་འཛུགས་སྐྱོང་བྱ་རྒྱུའི་འགག་སྒྲོལ་བྱ་སྤྱོད་ཆེན་པོ་བཅུ་སོགས་ཕྱོགས21འདུས་ཡོད་པ་རེད།

   ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས21གི་ནང་དོན་ནི་ཉེན་མེད་བཟའ་བཅའ་ལ་བློས་འཁེལ་བའི་ལས་གྲྭ་འཛུགས་སྐྱོང་བྱ་རྒྱུའི་འགག་སྒྲོལ་བྱ་སྤྱོད་ཆེན་པོ་བཅུ་དང་། ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་བྱེད་དུས་ཁྲིམས་འགལ་བྱེད་མཁན་མིར་ཆད་པ་གཅད་རྒྱུ། བཟའ་བཅའ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་ཁུར་དགོས་པའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ། བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཉེན་མེད་སྤུད་ཚད་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། བཟའ་བཅའ་ལ་འཐེན་ཞིབ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ། གཙོ་གནད་ཁྱབ་ཁོངས་སུ་བཟའ་བཅའ་ཉེན་ཁ་ལ་འགོག་ཟོན་བྱ་རྒྱུ་སོགས་འདུས་ཡོད་པ་རེད།

   ཉེན་མེད་བཟའ་བཅའ་ལ་བློས་འཁེལ་བའི་ལས་གྲྭ་འཛུགས་སྐྱོང་བྱ་རྒྱུའི་འགག་སྒྲོལ་བྱ་སྤྱོད་ཆེན་པོ་བཅུའི་ནང་ཆེས་གཟབ་ནན་གྱི་ཚད་གཞིའི་ཉེན་ཁ་གདེང་འཇོག་དང་ཚད་གཞི་གཏན་འཁེལ་བྱེད་པའི་ཆེད་དོན་བྱ་སྤྱོད། ཞིང་སྨན་དང་ཕྱུགས་སྨན་བེད་སྤྱོད་བྱེད་ཚད་ཉུང་དུ་གཏོང་བ་དང་ཐོན་སའི་ཁོར་ཡུག་གཙང་དག་བྱེད་པའི་བྱ་སྤྱོད་དང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་བྱིས་པའི་བཟའ་བཅའ་འོ་ཕྱེའི་སྤུད་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད། སློབ་གྲྭའི་ཉེན་མེད་བཟའ་བཅའ་འཚོ་སྲུང་བྱེད་པའི་བྱ་སྤྱོད། ཞིང་སྡེའི་རྫུན་མ་དང་ཞན་པའི་བཟའ་བཅའ་བཅོས་སྐྱོང་བྱེད་པའི་བྱ་སྤྱོད། ལུས་ཁམས་བདེ་སྲུང་བཟའ་བཅའི་ལས་རིགས་ལ་ཆེད་དོན་དུ་གཙང་བཤེར་དང་དག་བཅོས་བྱེད་པའི་བྱ་སྤྱོད། སྤུད་དག་གི་འབྲུ་རིགས་ལས་གཞི་བསྐྲུན་པའི་བྱ་སྤྱོད། ནང་འདྲེན་བཟའ་བཅའ་རང་རྒྱལ་དུ་འདྲེན་པའི་ཉེན་མེད་དམ་སྲུང་བྱ་རྒྱུའི་བྱ་སྤྱོད་བཅས་ལག་ལེན་དོན་འཁྱོལ་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཚོ་བོད་མཐོ་སྒང་གི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།