དམྱལ་བའི་ཀི་སྒྲ།

        2019-06-26

འདག་མེའི་འཇིངས་སུ་ནུབ།

རལ་གྲིའི་ལོ་མས་གཤར།

ཡང་སོས་ཀྱི་སྡུག་བསྔལ།

གྲིས་གཏུབ་པའི་ངུ་སྐད།

སུ་ཡིས་བཟོད།


མཚན་མོའི་རླུང་ལྡང་བའི་སྒྲ།

ཉིན་གུང་འཛུམ་ནག་བའི་བརྙན།

སུ་ཡིས་བདེ་བར་སེམས།


རོ་ཕུང་བོའི་འགྲམ་གྱི་ཕྱེ་མ་ལེབ།

གདོང་གཉེར་མ་སྤྲས་པའི་འཛངས་མ་དེ།

སུ་ཡིས་མཛེས་པ་དྲན།


དམྱལ་ཁམས་ན།

མྱ་ངན་གྱི་ཀི་སྒྲ།

སུ་ཡིས་མཆོད་བསང་དུ་དྲན།


རྟོག་ངོར་ཚེས་པའི་ཟླ་བའི་ཞལ་འཛུམ་མཇལ་ནས།

མ་ཎི་ཡང་ནས་ཡང་དུ་བཟླས།


  • ལེ་ཚན་སྔོན་མ།:བརྩེ་གཞས་གླུ་ཆུང་།
  • ལེ་ཚན་རྗེས་མ།:བརྩེ་བས་རྗེས་སུ་ཟུངས།