བཅོས་བསྒྱུར་དོན་ཐོག་འཁྱོལ་བར་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་ཕྱི་དེ་བས་ཡག་པོ་བསྒྲུབ་རྒྱུར་འགན་སྲུང་བྱེད།

ལྷ་འཛོམས་ཀྱིས་བསྒྱུར།        2019-06-24

བཅོས་བསྒྱུར་དོན་ཐོག་འཁྱོལ་བར་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་ཕྱི་དེ་བས་ཡག་པོ་བསྒྲུབ་རྒྱུར་འགན་སྲུང་བྱེད།

སྤྱི་ཟླ6པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱི་རང་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་ལ་ཐད་ཀར་འབྲེལ་བ་ཡོད་པའི་བཅོས་བསྒྱུར་སྡེ་ཁག་ཆ་ཤས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཆབས་ཅིག ལས་བྱེད་པ་དང་ལས་བཟོ་ལ་འཚམས་འདྲི་གནང་ཞིང་། གསར་དུ་བཙུགས་པའི་སྡེ་ཁག་གི་འཁོར་སྐྱོད་དང་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་བླངས་པར་མ་ཟད། ད་དུང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བཅོས་བསྒྱུར་དང་འབྲེལ་བ་ཡོད་པའི་སྡེ་ཁག་སོ་སོས་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་བ་དང་ཕྱིན་ཆད་ཀྱི་ལས་ཀའི་ཐད་ལ་བླང་བྱ་བཏོན་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞིགས་པའི་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་ཡང་ཡིན་པ་རེད། བཅོས་བསྒྱུར་དང་འབྲེལ་བ་ཡོད་པའི་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ལས་ཀའི་དམིགས་འབེན་གསལ་པོ། འགན་འཁྲི་ཁུར་ཕོད་པ། ལས་ཀའི་ནུས་པ་སྔར་བས་སྙོམས་སྒྲིག་བྱས་ནས་འགན་ནུས་མཉམ་འདྲེས། སྡེ་ཁག་གཞོགས་འདེགས་ལ་སྐུལ་འདེད་ཇེ་མགྱོགས་བཏང་ནས་བཅོས་བསྒྱུར་དོན་ཐོག་འཁྱོལ་བར་ཁག་ཐེག་བྱས་ཤིང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་ཕྱི་དེ་བས་ཡག་བསྒྲུབ་དགོས།

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་དང་བཅས་པས་སྔ་ཕྱིར་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་དང་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་ཅུས། ཁུལ་དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མིའི་ལས་དོན་དོ་དམ་ཅུས། ཁུལ་སྨན་བཅོས་འགན་སྲུང་ཅུས། ཁུལ་སྲིད་འཛིན་མཆན་འགོད་ཅུས་བཅས་ལ་བརྟག་དཔྱད་ཞིབ་འཇུག་གནང་ཞིང་ལས་བྱེད་པ་དང་ལས་བཟོ་ཚོར་མཛའ་བརྩེའི་ངང་ཁ་བརྡ་ལབ་རེས་བྱས་ནས་གནས་ཚུལ་ཆ་རྒྱུས་ལོན་པ་དང་ལས་ཀའི་ཁྲོད་དུ་བྱུང་བའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་པ་དང་ཐུགས་རེ་ཡང་གནང་བ་རེད།།

  • ལེ་ཚན་སྔོན་མ།:རྩྭ་ཐང་དུ་བསྡད་ནས་སྒྲོག་འགྲེལ་ལ་ཉན།
  • ལེ་ཚན་རྗེས་མ།:ཆེས་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ།
  • དོ་སྣང་ཆེ་བའི་རྩོམ།