རང་ཁུལ་ལ་ད་ལོའི་སྔོན་གྱི་ཟླ་བ5ནང་གཙོ་གནད་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར101.69གྲུབ།

ཡེ་མིང་གིས་བསྒྱུར།        2019-06-24

གསར་འགོད་པས་མིག་སྔར་འཚོགས་པའི་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་དོན། ད་ལོའི་སྤྱི་ཟླ6པའི་སྔོན་དུ་རང་ཁུལ་གྱིས་སྤྲེལ་མཐུད་དུ་གཙོ་གནད་དུ་མ་དངུལ་གཏོང་འཇོག་བྱས་པའི་འཛུགས་སྐྲུན་ལས་གཞི230ལག་ལེན་བྱས་ཡོད་པ་རེད། ད་ལོའི་སྤྱི་ཟླ5པའི་ཟླ་མཇུག་བར། གཙོ་གནད་དུ་གཏོང་འཇོག་བྱས་པའི་འཛུགས་སྐྲུན་ལས་གཞི230འདིར་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར101.69ལེགས་འགྲུབ་བྱུང་ནས། ལོ་འཁོར་ནང་གཏོང་འཇོག་བྱ་རྒྱུའི་འཆར་གཞི་ལས་བརྒྱ་ཆ33.22བཟུང་བས་མ་དངུལ་གཏོང་འཇོག་གི་མྱུར་ཚད་དུས་མཉམ་ལས་བརྒྱ་ཆ1.4འཕར་བ་རེད།

བསྡོམས་རྩིས་ཀྱི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། གཙོ་གནད་དུ་གཏོང་འཇོག་བྱས་པའི་ལས་གཞི230ནང་ལྕགས་ཟམ་དང་རོང་བྲག ཉག་ཆུ། བྲག་མགོ། སྡེ་དགེ། འབའ་ཐང་། ཕྱག་ཕྲེང་རྫོང་དང་དུང་དཀར་ལུང་པའི་མཛེས་ལྗོངས་དོ་དམ་ཅུས། ཉི་སྟེན་མཛེས་ལྗོངས་དོ་དམ་ཅུས་སོགས་རྫོང་ཁག9(ཅུས)དེ་བཞིན་དུ་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས། ཁུལ་ཆུ་བེད་ཅུས། ཁུལ་ནགས་ལས་ཅུས་སོགས་ཁུལ་རིམ་པའི་སྡེ་ཁག་གིས་འགན་ཁུར་ནས་ལག་ལེན་བྱས་པའི་ལས་གཞིར་ལོ་འཁོར་ནང་གཏོང་འཇོག་བྱ་རྒྱུའི་ལེགས་འགྲུབ་བྱུང་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

དེ་དང་ཆབས་ཅིག ད་ལོར་རང་ཁུལ་གྱིས་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་ལས་གཞི་ཁྱོན་བསྡོམས123ལག་ལེན་བྱས་ནས་ལོ་འཁོར་འཆར་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར5.4ལེགས་འགྲུབ་བྱུང་། དེའི་ནང་རྨང་གཞི་སྒྲིག་ཆས་རིགས་ཀྱི་ལས་གཞི84ལག་ལེན་བྱས་ནས་ལོ་འཁོར་འཆར་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར4.23ལེགས་འགྲུབ་བྱུང་ཡོད་པ་རེད། ད་ལོའི་སྤྱི་ཟླ5པའི་ཟླ་མཇུག་བར། རྨང་གཞི་སྒྲིག་ཆས་རིགས་ཀྱི་ལས་གཞི84ལ་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར0.52ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ12.3གྲུབ་པ་རེད། །

  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་གཟི་བརྗིད་འགྲེམ་བྱང་འགེལ་བའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྩྭ་ཐང་དུ་བསྡད་ནས་སྒྲོག་འགྲེལ་ལ་ཉན།
  • དོ་སྣང་ཆེ་བའི་རྩོམ།