2019-06-18
ཉེ་ཆར། གསར་འགོད་པས་རྟའུ་སློབ་གསོ་དང་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་དོན། རྟའུ་རྫོང་གིས་ད་ལོའི་སྟོན་དུས་ནས་བཟུང་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ལག་ལེན་བྱ་འགོ་ཚུགས་རྒྱུ་ཡིན་ཞིང་། ད་ལོའི་སྤྱི་ཟླ6པར་དྲྭ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་བརྒྱུད་ནས་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་སྡུད་བཞིན་ཡོད།ལོ21ལ་བཙུགས་མཚམས་བཞག་པའི་རྟའུ་རྫོང་སློབ་འབྲིང་གི་མཐོ་འབྲིང་བསྐྱར་དུ་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆོག་མཆན་གནང་བར་བརྒྱུད། རྟའུ་རྫོང་སློབ་འབྲིང་གིས་མཐོ་འབྲིང་བསྐྱར་དུ་བཙུགས་པ་རེད།སློབ་ཁྲིད་བྱེད་གནས་རྟའུ་རྫོང་མེ་ཏོག་གྲོང་གསར་དུ་ཡོད་ཅིང་། ལོ་འཁོར་འདིར་མཐོ་འབྲིང་སློབ་མ100བསྡུ་རྒྱུ་ཡིན་ཞིང་། དེའི་ནང་མཐོ་འབྲིང་དཀྱུས་མ་དང་བོད་ཡིག་ཟུར་བསྣན་རིགས་གཉིས་ཡོད། འཛིན་གྲྭ་རེར་སློབ་མ50རེ་ཡི་འཆར་གཞི་ཡོད་ཅིང་། ད་དུང་རྟའུ་རྫོང་སློབ་འབྲིང་ནས་མཐོ་འབྲིང་དུ་ཐད་ཀར་རྒྱུགས་འཕྲོད་པའི་ཨང20པའི་ཡན་ཆད་ལ་བྱ་དགའ་སྒོར་ཁྲི་གཅིག་སྤྲད་རྒྱུ་དང་། དགེ་རྒན་ཡང་སློབ་ཆེན་གྱི་གཞི་ཚན་མཐར་ཕྱིན་སློབ་མ་དང་ཕའེ་ཏུའུ་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ཐབས་ལམ་གཉིས་བརྒྱུད་ནས་བདམ་རྒྱུ་ཡིན་པ་རེད།
དེ་ནས་རྟའུ་སློབ་འབྲིང་དེ་འཛིན་གྲྭ37ཡོད་ཅིང་སློབ་མ2000ལ་ཉེ་བ། དམའ་འབྲིང་དང་མཐོ་འབྲིང་གཞི་གཅིག་ཅན་གྱི་གཞུང་འཛུགས་སློབ་གྲྭ་ཞིག་ཏུ་འགྱུར་བ་དང་། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ22ཡི་དམའ་འབྲིང་སློབ་མ་ཚང་མ་ལ་སྒོ་ཁ་ནས་མཐོ་འབྲིང་འདོན་པའི་གོ་སྐབས་ཐོབ་པ་རེད།
སྐལ་ཐུབ་ཀྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10