ལྕགས་ཟམ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས།

བདེ་ཆེན་གྱིས་བསྒྱུར།        2019-06-18

   སྤྱི་ཟླ6པའི་ཚེས11ཉིན། ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་ཁུལ་གྱིས་ལོ་ཧྲིལ་པོར་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར115.22བཏང་ཞིང་། དེའི་ནང་མྱུར་བགྲོད་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར10.6དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར74.25། ལྕགས་ལམ་ཐད་མ་དངུལ་སྒོར་དུང་ཕྱུར15། ཞིང་སྡེ་གཞུང་ལམ་དང་ཆེ་འབྲིང་གི་བཟོ་སྐྲུན་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར15.37བཅས་བཏང་བ་རེད།

    ད་ལོར། རང་ཁུལ་གྱིས་ལྕགས་ཟམ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་དུམ་བུ། ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག460པའི་ལི་ཐང་རྫོང་མཁར་ནས་འགྲམ་སྣ་ཤང(འབའ་ཐང་ས་མཚམས)བཅས་ལས་གཞི8གསར་དུ་ལས་འགོ་ཚུགས་པ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG4218པའི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG549པའི་བརྒྱད་ཟིལ་རྫོང་མཁར་ནས་འདབ་པའི་རྫོང་མཁར་གྱི་གཞུང་ལམ། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགS434པའི་དར་མདོ་གཉའ་ལུང་འགོ་བརྒྱུད་དེ་འབོ་ཞབས་ནས་འབོ་རྫི་ཐང་གཞུང་ལམ་རིམ་པ་གཉིས་པ་བཅས(གཉའ་རྒྱབ་སྒང་ཕུག་ལམ)ལས་གཞི3ཡི་དུས་འགོའི་ལས་ཀར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད།

     གཙོ་གནད་ལས་གཞི18མུ་མཐུད་ནས་བསྐྲུན་ཏེ། ད་ལོར་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མཇུག་བསྡུའི་ལས་གྲྭ་ལེགས་འགྲུབ་བྱ་རྒྱུ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG549པའི་གསུམ་འདུས་ནས་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགS460པའི་ཕྱག་ཕྲེང་རག་ཝ་བར། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG549པའི་ཕྱག་ཕྲེང་རྫོང་མཁར་ནས་སྡེ་རོང་གསལ་གྲགས་བར་སོགས་ལས་གཞི་གཙོ་བོའི་ལས་གྲྭ10ལེགས་འགྲུབ་བྱ་རྒྱུ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG4218པའི་དར་མདོ་དང་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིགG318པའི་དར་མདོ་རྒྱུ་ལ་ཕུག་ལམ་གྱི་ལས་གྲྭ་སོགས་ལས་གཞི7འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་སློབ་འབྲིང་དུ་མཐོ་འབྲིང་བསྐྱར་དུ་བཙུགས་པ་རེད།
  • དོ་སྣང་ཆེ་བའི་རྩོམ།