ནད་པའི་ཁ་ནས“སྲེག་བའི་བཅོས་ཐབས”ལ་དགེ་མཚན་ཡོད་ཅེས་པའི་བཤད་སྲོལ་ཆགས།

ཀུན་དགས་བསྒྱུར་ཞུས་བྱས།        2019-06-17

    ཕ་ཡུལ་གསེར་ཐར་ནས་ཡིན་པའི་མཁྱེན་རབ་ཀྱིས་བོད་ལུགས་གསོ་རིག་སྐོར་ལ་ཞིབ་འཇུག་ངེས་ཅན་བྱས་ཡོད་ཅིང་། བོད་སྨན་ལ་བརྟེན་ནས་ནད་གཞི་བཅོས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ས་གནས་རང་ཉིད་ཀྱི་ཆེད་རམས་པ་རེད་ཅེས་ནའང་མིང་དོན་མཚུངས་པ་ཞིག་རེད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་སྦྱོང་མཁན་རྒྱལ་དཔལ་སོགས་དངོས་སྦྱོང་སློབ་མས་ཁོ་རང་དགེ་རྒན་ལ་བསྟེན་ནས་ལག་རྩལ་སྦྱོང་བཞིན་ཡོད། མཁྱེན་རབ་ཀྱིས་ནད་པ་ཞིག་ལ་སྲེག་བའི་སྨན་བཅོས་བྱས་མ་ཐག་ཡང་མུ་མཐུད་ནས་རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད་བྱུང་བའི་ནད་པ་ཞིག་ལ་མཉེད་འཕུར་གསོ་ཐབས་བྱས་ཤིང་། འཐེན་པ་དང་མེ་བཙའ་བརྒྱབ་རྗེས། ཨ་ཡོ་ཞེས་ན་སྐད་སྒྲོག་པའི་ནད་པ་དེས་ན་ཟུག་གི་སྐད་ངན་འབྱིན་མཚམས་བཞག མཁྱེན་རབ་ཀྱིས་ནད་གཞི་དེའི་ཟུག་རྔུ་གནས་སྐབས་ཙམ་ལྷོད་དུ་སོང་ཡོད་ཀྱང་ད་དུང་དུས་བཀག་ལྟར་སྨན་བཅོས་བྱ་དགོས་ཞེས་བཤད།

     ལི་ཐང་རྫོང་བོད་སྨན་ཁང་དུ་བྲེལ་བའི་ལས་ལ་བརྩོན་བྱེད་མཁན་ནི་དམིགས་བསལ་ཕྱི་བཅོས་ཚན་ཁག་ཙམ་མ་ཡིན་པར་ཁམས་གསོའི་ཚན་ཁག་ཀྱང་ཡོད་པས་སྐབས་དེར་ནད་པ6ལ་ཁམས་གསོའི་སྨན་བཅོས་བྱེད་བཞིན་མཆིས། མཆོད་རྟེན་ཡུལ་ཤོག་མཚོ་ཚ་གྲོང་སྡེའི་སངས་རྒྱས་སྒྲོལ་མ་ད་ལོར་ལོ་ན56ལ་སོན་ཡོད། ཁོ་མོ་དུས་ཡུན་རིང་པོའི་ནང་མཐོ་སྒང་རྩྭ་ཐང་དུ་འཚོ་གནས་བྱེད་བཞིན་ཡོད་པའི་དབང་གིས་པུས་མོའི་ཚིགས་ནད་ཚབས་ཆེན་ཕོག་ཡོད། དེ་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་ལུགས་སྨན་བཅོས་ཆེད་ལས་ནས་མཐར་ཕྱིན་པའི་བསོད་ནམས་དཔལ་ལྡན་གྱིས་མོ་ལ་དངུལ་ཁབ་གཙག་ཞོར་དུ་སྨྱུག་འཛིན་པར་ད་ཆ་ཉིན་ལྟར་མི30ལྷག་གིས་ཁམས་གསོའི་སྨན་བཅོས་དང་ལེན་བྱེད་ཀྱི་ཡོད་ཅེས་བཤད།

      2018ལོའི་སྤྱི་ཟླ་དང་པོར་ལི་ཐང་རྫོང་མོ་ལ་ཡུལ་ཤོག་དམག་ངན་སྨད་པ་གྲོང་སྡེའི་བོད་ལུགས་གསོ་རིག་སྨན་པ་རྒན་གྲས་ཚུལ་ཁྲིམས་ཀྱང་བོད་སྨན་ཁང་དུ་གདན་ཞུ་བྱས་ནས་ནད་པར་རྩ་རྒྱབ་དང་ཁྲག་ཤེད་འཇལ་བ་སོགས་སྨན་བཅོས་བྱེད་བཞིན་ཡོད་པས་ཁོང་གིས་སྨན་བཅོས་བྱེད་ཚད་ཉིན་རེར་མི50ཡས་མས་ལ་ཟིན་གྱི་ཡོད། སྨན་འཁྲུས་ལྟེ་གནས་ཀྱི་བྲོ་བ་ལྔ་ལྡན་བདུད་རྩི་ཁུ་བའི་ནང་ནད་པ་མང་པོ་ཞིག་གིས་ཚོད་ལྟ་བྱས་མྱོང་བས་ཕན་འབྲས་ཀྱང་ཡག་པོ་ཐོན་ཡོད་ཅེས་བཤད། ལྟེ་གནས་ཀྱི་འགན་འཁུར་བ་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཁྲུས་སྨན་ཚང་མ་ས་གནས་དེ་གའི་སྨན་རྒྱུ་ཡིན་ཞིང་། སྟག་མའི་མེ་ཏོག་དང་ཆུ་ཤུག་གི་ཡལ་ག་སོགས་བཙོས་ནས་བཟོས་པ་རེད། ཁོང་གིས་ང་ཚོས་ནད་པའི་ནད་གཞིར་གཞིགས་ནས་སྨན་ཚད་སྣོན་འཕྲི་བྱེད་བཞིན་ཡོད་པས་པགས་ནད་དང་། གྲུམ་ནད། གྲུམ་བུ། གཉིད་མ་ཁུག་པ་བཅས་ཀྱིས་སྦང་རྗེས་ན་ཟུག་ཆུང་དུ་ཕྱིན་པ་དང་གཉིད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་ངལ་གསོའི་ཉིན་མོར་ལྟེ་བའི་སྨན་དོན་མི་སྣ6ལས་གནས་སུ་ཞུགས་ཚེ་གཞི་ནས་ནད་པའི་དགོས་མཁོ་སྐོང་ཐུབ་པ་རེད་ཅེས་བཤད་པ་རེད།

      ལི་ཐང་རྫོང་བོད་སྨན་ཁང་ནི1980ལོར་བཙུགས་པ་ཡིན་མོད། འོན་ཀྱང་སྨན་བཅོས་ཀྱི་ཆ་རྐྱེན་དང་སྨན་དོན་མི་སྣ་མི་འདང་བས་ཐོག་མཐའ་བར་གསུམ་དུ་དཀའ་ཁག་ཅུང་ཡོད་པ་རེད། 2019ལོའི་སྤྱི་ཟླ5པར་ལི་ཐང་རྫོང་གིས་རྒྱ་ཁྱོན་སྨི་གྲུ་བཞི་མ10000ཡོད་པའི་བོད་སྨན་ཁང་ཞིག་གསར་དུ་བསྐྲུན་ནས་དངོས་སུ་སྤྱོད་འགོ་ཚུགས་ཡོད་ཅིང་། ད་ལྟར་སྨན་ཁང་དུ་ཉལ་ཁྲི50དང་ལས་བཟོ45ཡོད་པས་མ་ཚད་ཁམས་གསོའི་ཚན་ཁག་དང་ཕྱོགས་བསྡུས་ཁོག་ནད་ཚན་ཁག བོད་ལུགས་གསོ་རིག་ཁྱད་ཆོས་ལྡན་པའི་ཕྱི་བཅོས་ཚན་ཁག བོད་ལུགས་སྨན་འཁྲིས་ལྟེ་གནས། ནད་བཅོས་ཚན་ཁག་དངBསྒྲ་འདས་འཕྲུལ་ཆས་ཁང་སོགས་སྨན་བཅོས་ཚན་ཁག17སྒྲིག་སྦྱོར་བྱས་ཡོད་པ་རེད།

       ལི་ཐང་རྫོང་བོད་སྨན་ཁང་གི་འགོ་འཛིན་པ་བཀྲ་ཤིས་ཚེ་རིང་གིས་མིག་སྔར་ངེད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་འཁྲུས་ལྟེ་གནས་དང་། ཁམས་གསོའི་ཚན་ཁག བོད་ལུགས་གསོ་རིག་གི་ཁྱད་ཆོས་སྨན་བཅོས་ཚན་ཁག་སོགས་བཙུགས་ཡོད་ལ། ངེད་སྨན་ཁང་གིས་ནད་བཅོས་ཐབས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་བྱ་ཐབས་དམིགས་བསལ་ཡིན་པ། སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ། ཞོར་ཐོན་ནུས་པ་ཆུང་བ་བཅས་ཀྱི་བོད་ལུགས་གསོ་རིག་གི་དམིགས་བསལ་གྱི་ཕྱི་བཅོས་བྱ་ཐབས་ཤིག་ཡིན་ཞེས་བཤད་པ་རེད། །

  • ལེ་ཚན་སྔོན་མ།:དཀར་མཛེས་གླེང་སྟེགས་ཀྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་པ་དར་མདོར་སྤེལ།
  • ལེ་ཚན་རྗེས་མ།:གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།
  • དོ་སྣང་ཆེ་བའི་རྩོམ།