དཀར་མཛེས་གླེང་སྟེགས་ཀྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་པ་དར་མདོར་སྤེལ།

ཀུན་དགས་བྲིས།        2019-06-17

   སྤྱི་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། དཀར་མཛེས་གླེང་སྟེགས་ཀྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་པ་དར་མདོའི་ཟློས་གར་ཁང་དུ་སྤེལ་བ་རེད།

    ཐེངས་འདིའི་འཆད་ཁྲིད་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་དམིགས་ནས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་སློབ་གྲྭའི་ཁོའོ་ཧྲེ་ཁྲིམས་རིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་ལིའུ་ཝུའེ་གདན་དྲངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྤྱོང་བརྡར་བྱ་རྒྱུས་བརྗོད་དོན་གཙོ་བོར་བྱས་ནས་འཆད་ཁྲིད་བྱས་པ་རེད།

    དགེ་རྒན་ཆེ་མོ་བ་ལིའུ་ཝུའེ་ཡིས་རང་རེའི་ཏང་གི་ལོ་རྒྱུས་དེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས(1921ལོ་ནས་1949ལོའི་བར)དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས(1949ལོ་ནས1978ལོའི་བར)། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དུས་སྐབས(1978ལོ་ནས2019ལོ་བར)བཅས་ཁག་གསུམ་དུ་བགོས་ནས་ལི་ཏ་ཀྲའོ་དང་མའོ་ཙེ་ཏུང་སོགས་གསར་བརྗེའི་རླབས་ཆེན་མི་སྣས་བློ་བརྟན་འགྱུར་མེད་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པའི་མི་སེམས་འགུལ་བའི་བྱས་རྗེས་བཞག་ཡོད་པས་རྣམ་པ་འཁྲུག་ཆ་དོད་པ་དང་རིགས་པའི་གཞུང་ལུགས་གཏིང་ཟབ་ཀྱི་སློབ་ཁང་ཞིག་བཏོད་ཡོད་བཤད་པ་རེད།

    ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ཁོངས་མི། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ཁོངས་མི་མིན་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིམ་པའི་ལས་ཁུངས་ཁག་གི་ཏང་རྩ་འཛུགས་དང་ཞིང་ཆེན་ཁོངས་གཏོགས་སྲིད་འཛིན་ཁེ་ལས་དང་བྱ་གཞག་སྡེ་ཁག་གི་ཏང་རྩ་འཛུགས། དར་མདོ་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོའི་འཐུས་མི་བཅས་འཆད་ཁྲིད་ལ་ཞུགས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག
  • ལེ་ཚན་རྗེས་མ།:ནད་པའི་ཁ་ནས“སྲེག་བའི་བཅོས་ཐབས”ལ་དགེ་མཚན་ཡོད་ཅེས་པའི་བཤད་སྲོལ་ཆགས།
  • དོ་སྣང་ཆེ་བའི་རྩོམ།