《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》པར་འགྲེམས་བྱས་པ།

        2019-06-13

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་གི་བླང་བྱ་ལྟར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)རྩོམ་སྒྲིག་བྱས་པ་དང་དེབ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་ཏེ་སྤྱི་ཟླ6པའི་ཚེས9ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ་རྒྱུ་རེད།

    《རྩ་གནད》ལ་ཁྱོན་ལེའུ21དང་། ས་བཅད99 དོན་ཚན 200བཅས་རྒྱ་ཡིག་གི་ཡིག་འབྲུ་ཁྲི15ཙམ་ཡོད་ཅིང་། དེབ་འདིའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་མཛུབ་ཁྲིད་བསམ་བློ་ཞིག་ཡིན་པའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས“ཁ་གསལ་བརྒྱད”དང“མཐའ་འཁྱོངས་བཅུ་བཞིའི”ལྟེ་བའི་ནང་དོན་དང་གཞི་འཛིན་སར་གཙོ་བོར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་རྒྱས་བཤད་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་ལེགས་པའི་སྒོ་ནས་དགོངས་པའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ལ་གོ་བ་ལེན་རྒྱུ་དང་ཁོང་དུ་ཆུད་པ་བྱ་རྒྱུ་དང་། དེ་བས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་རེད།《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་ཆ་གྲལ་སྒྲིག་པ། མ་རྩོམ་ལ་བསྟུན་པ། རྩོམ་སྲོལ་གསོན་ཉམས་ལྡན་ལ་བབ་ཆགས་པ་བཅས་ཡོད་པས་དེ་ནི་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་རེད། །

 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱི་རིན་པ་མི་དགོས་པར་ལས་རིགས་སློབ་གསོ་ལོངས་སྤྱོད་བྱེད་མཁན་སློབ་མ་དབུལ་པོ800ལྷག་ལས་ཞུགས་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བ
  • དོ་སྣང་ཆེ་བའི་རྩོམ།