སི་ཁྲོན་གྱི་རིན་པ་མི་དགོས་པར་ལས་རིགས་སློབ་གསོ་ལོངས་སྤྱོད་བྱེད་མཁན་སློབ་མ་དབུལ་པོ800ལྷག་ལས་ཞུགས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-06-13

   ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ6པའི་ཚེས1ཉིན་འབྱོར་བའི་གཏམ་གསར། སྤྱི་ཟླ5ཚེས31ཉིན་སི་ཁྲོན་གྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ800ལྷག་ཁྲེང་ཏུའུ་འཕྲུལ་ཆས་དང་གློག་རྡུལ་ལས་གྲྭའི་སློབ་གྲྭ་ནས་བདེ་བླག་ངང་མཐའ་ཕྱིན་ཏེ་དངོས་སུ་ལས་ཞུགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་སི་ཁྲོན་གྱིས“བཟོ་པ་ལག་རྩལ་པ་བརྒྱ་གསོ་སྐྱོང་བྱ་རྒྱུའི་སློབ་གསོ་དབུལ་སྐྱོར་འཆར་གཞི”བཏོན་པ་རེད། ལས་གཞི་དེས“བཟོ་པའི་སྙིང་སྟོབས་རྒྱུན་འཛིན་དང་ཀྲུང་ཧྭའི་ལག་རྩལ་མཁས་ཅན་གསོ་སྐྱོང་བྱ་རྒྱུས”ལས་འགན་གཙོ་བོ་བྱས་ནས“ལག་རྩལ་པ་མཁས་པ་གཅིག་གསོ་སྐྱོང་བྱས་ནས་ཁྱིམ་ཚང་གཅིག་དབུལ་ཐར་བྱུང་དུ་བཅུག”རྒྱུ་ཡིས་དམིགས་ཡུལ་བྱས་ཤིང་། རོགས་སྐྱོར་བྱ་ཡུལ་གཙོ་བོ་ནི“ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི”ཁྱིམ་ཚང་གི་སློབ་མ་ཡིན་པ། སློབ་ཡོན་ཚང་མ་མི་དགོས་པ་དང་སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོ་བྱས་ནས་དབུལ་སྐྱོར་གནད་སྨིན་དང་བློ་རིག་གིས་དབུལ་སྐྱོར་བྱས་ཏེ་མི་རབས་ནས་མི་རབས་དབུལ་པོ་ཡིན་པར་མཚམས་བཅད་པ། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་དབུལ་ཐར་གནད་སྨིན་བྱེད་རོགས་བྱས་པ་རེད།

    མིག་སྔའི་བར“བཟོ་པའི་ལག་རྩལ་པ་བརྒྱ་གསོ་སྐྱོང་བྱ་རྒྱུའི་སློབ་གསོའི་དབུལ་སྐྱོར་འཆར་གཞིས”ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ1888བདམས་ནས་ལས་གཞི་མཉམ་ལས་བྱེད་མཁན་ལས་ཁུངས་ཁྲེང་ཏུའུ་འཕྲུལ་ཆས་གློག་རྡུལ་ལས་གྲྭའི་སློབ་གྲྭར་རིན་པ་མི་དགོས་པར་ལས་རིགས་སློབ་གསོ་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)61ནས་ཡོང་བའི་རྒྱ་རིགས་དང་། དབྱིས་རིགས། བོད་རིགས། ཧུའེ་རིགས། ཆའང་རིགས། མེའོ་རིགས་སོགས་མི་རིགས10ཡི་སློབ་མ་ཡོད་པ་རེད། སློབ་མ་ཚོ་སློབ་གྲྭར་སློབ་སྦྱོང་བྱེད་རིང་གི་སློབ་ཡོན་དང་། དངོས་སྦྱོང་གྲོན་དངུལ། སྡོད་ཁང་གི་འགྲོ་གྲོན་སོགས་ཚང་མ་མི་དགོས་པར་མ་ཟད། ད་རུང་འཚོ་བའི་གྲོན་དངུལ་ཡང་ཁ་གསབ་བྱས་ཡོད་པ་རེད།

    2019ལོ་ནི་ཚན་པ་དང་པོའི་རོགས་སྐྱོར་ཐོབ་པའི་སློབ་མ་སློབ་མཐར་ཕྱིན་པའི་ལོ་ཡིན་ཞིང་། རོགས་སྐྱོར་ཐོབ་པའི་སློབ་མ800ལྷག་ཙམ་གྱིས་སློབ་སྦྱོང་དང་། དངོས་སྦྱོང་། དངོས་སྒྲུབ་བཅས་ཀྱི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བར་མ་ཟད། ་སློབ་མཐའ་ཕྱིན་བའི་མཛད་སྒོའི་ཐོག་ཚན་རྩལ་དང་། ཡུལ་སྐོར། གློག་རྡུལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་དང་མགྲོན་བར་ལས་ཞུགས་བྱ་རྒྱུའི་གན་རྒྱ་བཞག་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:2018ལོར་རྒྱལ་ཡོངས་སུ་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.33ལ་ཟིན་པ།
  • ལེ་ཚན་རྗེས་མ།:《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》པར་འགྲེམས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།