2018ལོར་རྒྱལ་ཡོངས་སུ་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.33ལ་ཟིན་པ།

ཡེ་ཤེས་ཀྱིས་བསྒྱུར།        2019-06-13

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས23ཉིན་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.33ལ་ཟིན་པ་དང་། ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཨ་སྒོར་དུང་ཕྱུར1600ལས་བརྒལ་བ། རིགས་སྣ་ཚོགས་ཀྱི་དཔལ་འབྱོར་འབྲས་ཤིང་ཐོན་ཚད་ཏུན་དུང་ཕྱུར1.57ལ་ཟིན་ཡོད་པ་རེད།

    ནགས་ལས་ཐོན་ལས་ཀྱིས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་འཕྲེད་བཅད་བྱས་པའི་ཐོན་སྦྲེལ་བྱེད་ཚད་རིང་ཞིང་ཁྱབ་རྒྱ་ཆེ་བར་བརྟེན། ཁེ་ལས་ཁྲི100ལྷག་ཙམ་དང་ཞིང་པ་དུང་ཕྱུར་ཁ་ཤས་དང་འབྲེལ་བ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་ནགས་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ནགས་ལས་ཀྱི་གཙོ་ཁྲིད་ཁེ་ལས་དང་ཐོན་ལས་འདུས་ཚོགས་ཇེ་མགྱོགས་སུ་གསོ་སྐྱོང་བྱས་པ་དང་། ནགས་ལས་ཀྱི་གཙོ་གནད་འགྲེམས་ཚོགས་སྤེལ་བ། ནགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པ་ཇེ་དྲག་ཏུ་བཏང་ནས་ནགས་ལས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།།


  • ལེ་ཚན་སྔོན་མ།:ཐོན་འཚོང་འབྲེལ་མཐུན་བྱས་ཏེ་བོད་ཁུལ་གྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་བྲིན་རོགས་བྱེད།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་རིན་པ་མི་དགོས་པར་ལས་རིགས་སློབ་གསོ་ལོངས་སྤྱོད་བྱེད་མཁན་སློབ་མ་དབུལ་པོ800ལྷག་ལས་ཞུགས་བྱས།
  • དོ་སྣང་ཆེ་བའི་རྩོམ།