འོད་ཤུགས་ལ་བརྟེན་ནས་དབུལ་སྐྱོར་བྱས་ཏེ་ཁེ་སྤོགས་ཡག་པོ་རག

དབྱངས་ཅན་གྱིས་བསྒྱུར།        2019-06-12

    སྤྱི་ཟླ6པའི་ཚེས1ཉིན། རི་འགོ་ནས་ཉི་མ་ཤར་ཏེ་མཐོ་སྒང་རི་གྲོང་གི་རྣམ་པ་དེ་བས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཉག་ཆུ་རྫོང་མགར་ར་གྲོང་རྡལ་ཝ་སྡེ་ལུང་གྲོང་སྡེའི་དུད་ཚང་དབུལ་ཕོངས་ཧྥན་ཧྥུ་ཡུང་སྔ་མོ་ནས་བྲེལ་བ་ཆེན་པོའི་ངང་གྲོང་སྡེའི་འོད་ཤུགས་དབུལ་སྐྱོར་གློག་འདོན་ས་ཚུགས་སུ་བསླེབས་ནས་གློག་གསོག་པང་ལེབ་ལ་་ཞིབ་བཤེར་བྱེད་ཞོར་གཙང་འཁྲུད་རྒྱག་བཞིན་འདུག ཁོས་ཉིན་འགའ་ཤས་རིང་གནམ་གཤིས་ཡག་པོ་ཡིན་པའི་གོ་སྐབས་དང་བསྟུན་ནས་གློག་འདོན་ས་ཚུགས་ཀྱིས་གློག་མང་ཙམ་འདོན་བཅུག་བསམ་པ་རེད།

    ཝ་སྡེ་ལུང་གྲོང་སྡེའི་རྒྱ་ཁྱོན་ཧ་ལམ་མུའུ6ཡོད་པའི་རི་ཞིང་དུ་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ100ཅན་གྱི་འོད་ཤུགས་གློག་འདོན་པང་ལེབ1000ལྷག་སྒྲིག་སྦྱོར་བྱས་ཡོད། འོད་ཤུགས་གློག་འདོན་པང་ལེབ་འདི་དག་ཤར་མ་ཐག་པའི་ཉི་མའི་འོད་ཟེར་གྱི་ཁྲོད་དུ་འོད་ཆེམ་ཆེམ་དུ་འཕྲོས་ནས་དབྱར་ཁའི་མཐོ་སྒང་གི་རི་གྲོང་དུ་མཛེས་སྡུག་གི་རྣམ་པ་རབ་ཏུ་ཁེངས་བཞིན་པ་རེད།

    ཝ་སྡེ་ལུང་གྲོང་སྡེའི་དུད་ཚང86གི་མི་གྲངས311གི་ཁྲོད་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས17གྱི་མི་གྲངས58ཡོད། ཆ་སྙོམས་མི་རེར་ས་ཞིང་སྐར་མ6ཡོད། ལོ་རེར་ཐོན་སྐྱེད་ཐེངས་རེ་དང་ཡོང་འབབ་ནི་ལམ་འགྲོ་ཆེ་ཆུང་ལ་བལྟ་དགོས་ཞེས་པ་འདི་སྔོན་མར་ཧ་ཅང་དབུལ་ཕོངས་ཡིན་པའི་ཝ་སྡེ་ལུང་གྲོང་སྡེའི་ཡུལ་མི་ཚོའི་ཁ་རྒྱུན་དུ་དེ་ལྟར་བཤད་སྲོལ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་ཝ་སྡེ་ལུང་གྲོང་སྡེས་འདེབས་གསོ་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྐྱོར་གྱི་ཕན་འབྲས་ཡག་པོ་ཐོབ་ཀྱང་དབུལ་ཕོངས་ཀྱི་གནས་ཚུལ་སྔར་བཞིན་ཚད་མི་འདྲ་བ་ཡོད་པ་རེད། གནས་ཚུལ་དེར་དམིགས་ནས་ད་ལོའི་སྤྱི་ཟླ4པའི་ཚེས19ཉིན་ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གཞུང་ལས་ཁང་གི་ཉག་ཆུའི་རྫོང་ལ་རོགས་སྐྱོར་བྱེད་མཁན་ལས་སྒྲུབ་རུ་ཁག་གིས་མ་དངུལ་སྒོར་ཁྲི100བཏང་ནས་ཝ་སྡེ་ལུང་གྲོང་སྡེར་ཉག་ཆུ་རྫོང་གི་གློག་ཤུགས་དབུལ་སྐྱོར་གློག་འདོན་ས་ཚུགས་དང་པོ་བསྐྲུན་ཐུབ་པར་མ་ཟད། གློག་འདོན་ས་ཚུགས་དེ་འཁོར་སྐྱོད་བྱས་ནས་ཟླ་བ་གཅིག་ལྷག་གི་རིང་ལ་གློག་འདོན་ཚད་ཏུའུ་ཁྲི་གཅིག་ལྷག་ལ་ཟིན་པ་རེད། ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གཞུང་ལས་ཁང་གི་ཉག་ཆུ་རྫོང་ལ་རོགས་སྐྱོར་བྱེད་མཁན་ལས་སྒྲུབ་རུ་ཁག་གི་གྲུབ་མི་དང་ཝ་སྡེ་ལུང་གྲོང་སྡེར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་དང་པོ་ལིའུ་མིང་གིས་གསར་འགོད་པར་རྩིས་ཤིག་བརྒྱབ་སྟེ་གློག་འདོན་ས་ཚུགས་དེས་ལོ་རེར་གློག་འདོན་ཚད་ཏུའུ་ཁྲི23ལ་སླེབས་པས། དྲྭ་སྦྲེལ་གློག་རིན་ཏུའུ་རེར་སྒོར0.7ལྟར་རྩིས་ན་ལོ་རེར་སྒོར་ཁྲི20རག་ཐུབ། སྒོར་ཁྲི20ཚང་མ་ཝ་སྡེ་ལུང་གྲོང་སྡེའི་དབུལ་སྐྱོར་ལས་ཀའི་ཁྲོད་སྤྱད་ནས་ཡང་དུ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་ཡོང་འབབ་འཚོལ་ཁུངས་ཤིག་ཏུ་གྱུར་བ་རེད།

    འོད་ཤུགས་གློག་འདོན་ས་ཚུགས་དེ་ཁྱད་མཚར་པོ་ཞིག་རེད།འབྲུ་རིགས་དང་གཟན་རྩྭ་ཟ་མི་དགོས་པ།ཉི་མ་རྐྱང་པ་བལྡེས་ནས་སྲོ་དངུལ་རག་ཐུབ་ཀྱི་ཡོད། ང་ཚོ་དུད་ཚང་དབུལ་པོ་ཚང་མར་ཉི་མ་སྲོ་གླ་ལོ་རེར་སྒོར3000རེ་རག་ཐུབ་པ་འདི་སྔོན་མ་ཡིན་ན་རྨི་ལམ་ནང་ལ་ཡང་བསམ་མ་མྱོང་ཞེས་དུད་ཚང་དབུལ་པོ་བློ་བཟང་སྒྲོལ་མས་དེ་ལྟར་བཤད་པ་རེད།

    གློག་འདོན་ས་ཚུགས་ཀྱི་ནམ་རྒྱུན་ལས་ཀར་དོ་དམ་བྱེད་བཞིན་པའི་ཧྥན་ཧྥུ་ཡུང་ཚང་ནི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཡིན། ཁོ་རང་ལོ་དགུ་ཐོག་གསུམ་སྣོན་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཡིན་པས་ཁོ་ལ་གློག་ལས་བཟོ་པའི་བཀོལ་སྤྱོད་གཏོང་ཆོག་པའི་ལག་ཁྱེར་ཡོད། ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གཞུང་ལས་ཁང་གི་ཉག་ཆུ་རྫོང་ལ་རོགས་སྐྱོར་བྱེད་མཁན་ལས་སྒྲུབ་རུ་ཁག་གིས་ཁོ་རང་ལ་སྤྱི་ཕན་ལས་གནས་ཤིག་མཁོ་འདོན་བྱས་ཏེ་འོད་ཤུགས་གློག་འདོན་ས་ཚུགས་དོ་དམ་བྱེད་མཁན་དུ་གྱུར་ནས་ཟླ་བ་རེར་གླ་ཕོག་སྒོར1800ཡོད་པ་རེད། ང་རང་གིས་གཙོ་བོ་ཉིན་རེའི་རྒྱུན་ལྡན་གྱི་དོ་དམ་ལས་ཀ་བསྒྲུབ་དགོས་པ་དང་། ཟླ་བ་རེར་དུས་བཅད་ལྟར་འོད་ཤུགས་གློག་གསོག་པང་ལེབ་ལ་གཙང་སྦྲ་ཐེངས་ཤིག་བྱ་དགོས་པ་རེད། ལས་ཀ་འདིར་ཡོང་འབབ་རག་ཐུབ་པར་མ་ཟད་ང་རང་ལ་ནུས་རྩལ་ཡང་སློབ་ཐུབ་པ་རེད་ཅེས་ཧྥན་ཧྥུ་ཡུང་གིས་བྱང་ཆུབ་པའི་སྒོས་ལག་ཁྱེར་ཁ་པར་གྱིAPPབཀོལ་སྤྱོད་བྱེད་བཞིན་པ་དང་ཁ་པར་ཐོག་འོད་ཤུགས་གློག་འདོན་ས་ཚུགས་ཀྱི་གཞི་གྲངས་སྣ་ཚོགས་འགྲེམ་སྟོན་བྱེད་ཞོར་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད།

   ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གཞུང་ལས་ཁང་གི་ཉག་ཆུའི་རོགས་འཛུགས་ལས་སྒྲུབ་རུ་ཁག་གིས་སྣེ་ཁྲིད་པ་དང་།ཉག་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཅིན་གིས་ཝ་སྡེ་ལུང་གྲོང་སྡེའི་འོད་ཤུགས་གློག་འདོན་ས་ཚུགས་ཀྱིས་ལེགས་འགྲུབ་ངང་རྗེས་མར་འོད་ཤུགས་གློག་འདོན་གྱི་དབུལ་སྐྱོར་ལས་ཀར་དཔེ་མཚོན་སྒྲིག་ཆས་མཁོ་སྤྲོད་དང་ཉམས་མྱོང་གསོག་འཇོག་བྱས་ཏེ། ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གཞུང་ལས་ཁང་གི་ཉག་ཆུའི་རོགས་འཛུགས་ལས་སྒྲུབ་རུ་ཁག་གིས་ཉག་ཆུ་རྫོང་ཧོང་ལུང་ཤང་དུ་དེ་ལས་ཆེ་བའི་འོད་ཤུགས་གློག་འདོན་ས་ཚུགས་ཤིག་འཛུགས་ཏེ།ཞིང་འབྲོག་དབུལ་ཕོངས་ཀྱི་མི་དམངས་ཀྱིས་འོད་ཤུགས་ལ་བརྟེན་ནས་ཁེ་སྤོགས་རག་པའི་འབྲས་བུ་མཉམ་དུ་ལོངས་སུ་སྤྱོད་ཆོག་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་གནམ་གཤིས་ཅུས་ཀྱིས་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱིའི་སྤུས་ཀ་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཆེད་རམས་པ་རང་ཁུལ་དུ་འོངས་ནས་ཞིང་པར་ཞབས་ཕྱི་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།