ཁུལ་གནམ་གཤིས་ཅུས་ཀྱིས་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱིའི་སྤུས་ཀ་འགན་ལེན་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-06-12

   ཆུ་འབྲུབ་པའི་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱིའི་སྤུས་ཀ་ཇེ་ཡག་གཏང་ཆེད། ཉེ་ཆར་ཁུལ་གནམ་གཤིས་ཅུས་ཀྱིས་ཡང་དུ་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱི་ལས་ཀའི་གྲོས་ཚོགས་འཚོགས་ནས། ཁུལ་ཡོངས་ཀྱི་གནམ་གཤིས་ཞབས་ཕྱིའི་ལས་ཀ་ཡང་དུ་བཀོད་སྒྲིག་བྱས་པ་རེད།

   ཅུས་དེས་ད་ལོའི་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་གནས་བབ་ཀྱི་ཛ་དྲག་དང་རྙོག་འཛིན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྔར་ལས་ལྷག་པར་གནམ་གཤིས་ཞབས་ཕྱི་ལས་ཀ་ནི་གནོད་འགོག་གནོད་སེལ་གྱི་འགོག་རགས་དང་པོ་ཡིན་པའི་བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱིའི་ལས་ཀ་ཧ་ཅང་གལ་ཆེའི་རང་བཞིན་ཡིན་པའི་ངོས་འཛིན་ཇེ་དྲག་ཏུ་བཏང་ཏེ། དེ་བས་མཐོ་བའི་གནས་ཐིག་དང་དེ་བས་མ་སྐུལ་དང་བླངས་ཀྱི་བྱ་སྤྱོད། དེ་བས་ནུས་ལྡན་ཀྱི་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་ཞབས་ཕྱིའི་འཇོན་ནུས་མཐོར་འདེགས་གཏང་དགོས། ཆུ་འབྲུབ་དུས་སྐབས་སྔོན་དུ་ཉམ་ཞན་གྱི་འགག་རྩ་དང་གནད་དོན་ལ་དམིགས་ནས། མགྱོགས་མྱུར་དུ་ལག་ལེན་དག་བཅོས་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་སྔར་ལས་ལྷག་པར་སྒྲིག་ཆས་ཀྱི་འགན་སྲུང་དང་དྲ་བའི་ཆ་འཕྲིན་མ་ལག་སྲུང་སྐྱོང་སོགས་བྱེད་ཤུགས་ཆེ་རུ་བཏང་ནས། རྩ་འཛུགས་དང་། མི་སྣ། སྒྲིག་ཆས། ལག་རྩལ། འཕྲལ་བསྟུན་སོགས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། སྔར་ལས་ལྷག་པར་དགོས་མཁོ་ལྟར་ཆ་འཕྲིན་ཐུང་མོང་དུ་བེད་སྤྱོད་གཏོང་བ་དང་། མཉམ་འབྲེལ་གྲོས་མོལ། འཕྲལ་བསྟུན་མཉམ་འགུལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཡུན་ཐུང་ཐུང་དང་། གནས་སྐབས་དང་སྔོན་ཚོད་ཀྱི་ཉེས་བརྡ་ཡང་དག་གཏོང་ཚད་དང་། སྔོན་ཚོད་ཀྱི་ཉེས་བརྡ་ཁྱབ་ཚད་བཅས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་ནས། རྒྱུན་མཐུད་དུ་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ལས་སྒོའི་ཞབས་ཞུ་ནུས་པ་མཐོར་འདེགས་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས2019ལོའི་སློབ་གསོ་ལས་དོན་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:འོད་ཤུགས་ལ་བརྟེན་ནས་དབུལ་སྐྱོར་བྱས་ཏེ་ཁེ་སྤོགས་ཡག་པོ་རག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10