ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་རེས་སྐོར་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

        2019-06-11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་5པའི་ཟླ་མཇུག་ནས་6པའི་ཟླ་སྟོད་བར་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང11ནས20བར་གྱིས་པེ་ཅིང་དང་། ཧྲའན་ཤིས། ཧེ་ལུང་ཅང་། ནང་སོག ཧྲང་ཧའེ། ཅང་སུའུ། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)8ལ་བཅའ་སྡོད་ལས་དོན་ལེགས་གྲུབ་ཟིན་པ་དང་། ཟླ6ཚེས12ཉིན་གོང་བོད་དང་ཉིང་ཞར་བཅའ་སྡོད་བྱས་ཏེ་རེས་སྐོར་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ་ཡིན་པ་དེ་ཐོག་ནས་ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཕྱོགས་ཡོངས་ལ་ཁྱབ་པ་མཚོན་ཡོད།

ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོར་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གིས། སྤེལ་ལ་ཉེ་བའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་བླང་བྱ་བཏོན་པ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ཏང་ཨུད་འགན་འཁུར་བློ་མཐུན་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་བཅས་བྱས་པ་རེད།

ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྐུལ་སློང་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི“རལ་གྲིའི”ཟིལ་རྔམ་གང་ལེགས་མངོན་པ། ལྟ་སྐུལ་ནན་པོས་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་བ་དང་། ལྟ་སྐུལ་ནན་པོས“རྒྱབ་རྩ་གཏོར་བ”ལྟ་སྐུལ་ནན་པོས“ཟ་ལམ་བཅད”དེ་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ནས་ནག་སེལ་གཤེད་བཅོམ་ལ་སླར་ཡང་རེས་སྐོར་གསར་པའི་རྒོལ་ཐབས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ནག་སེལ་གཤེད་བཅོམ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་ནས་ཆེད་དོན་འཐབ་རྩོད་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི“འདེགས་འགུལ”ནུས་པ་གང་ལེགས་བཏོན་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ས་གནས་ལ་ཉམས་མྱོང་ཕྱོགས་སྡོམ་དང་། གནད་དོན་ཤེས་རྟོགས། བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་རོགས་རམ་བྱེད་པ། མི་དམངས་མང་ཚོགས་ཀྱི་རེ་འབོད་དང་བསྟུན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་རྒྱུན་ཆད་མེད་པར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་གྱོད་སྒྲུབ་ཁྲོད་ཀྱི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱས་ནས་ཆེད་དོན་འཐབ་རྩོད་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་སྲོལ་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་མ་ཟད། ཆེད་དོན་འཐབ་རྩོད་སྣེ་ཁྲིད་དུ་བྱས་ཏེ་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“བརྟན་ལྷིང”གི་སྤྱི་ཡོངས་ལ་གཞི་ཚུགས་རྒྱུར་སྐུལ་མ་བཏང་ནས་ཕྱོགས་གཅིག་གི་དུས་བདེ་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་བསྟན་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:དོམ་ཁྲ་བཞི་མཚོ་བོད་ས་མཐོར་མཉམ་འཛོམས་བྱུང་བ།
  • ལེ་ཚན་རྗེས་མ།:ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གནད་དོན་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།