ལོ10ཡི་ནང་ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གཅེས་སེམས་འབོག་སྒྲིག་གི་ལས་གཞི་སྤེལ་ནས་སློབ་ཆུང་སློབ་མ་ཁྲི600ལ་ཕན་པ་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2019-06-06

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ5པའི་ཚེས28ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འབོག་སྒྲིག་ཆུང་ངུ་དང་གཅེས་སེམས་ཆེན་མོས་བརྗོད་དོན་གཙོ་བོ་བྱས་པའི་གཅེས་སེམས་འབོག་སྒྲིལ་ལས་གཞི་སྤེལ་ནས་ལོ10ཡི་ནང་རིམ་རྩིས་བྱས་ན་དགེ་སྒྲུབ་དངུལ་དུང་ཕྱུར7ལྷག་ཙམ་བསྡུ་ལེན་བྱས་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁྲི2.8ཀྱི་སློབ་ཆུང་སློབ་མ་ཁྲི600དང་མཚོ་སྔོན་ཡུལ་ཤུལ་གྱི་ཁྱིམ་ཚང6500ལྷག་ཙམ་ལ་གཅེས་སེམས་ཕུལ་བ་རེད།

    གཅེས་སེམས་འབོག་སྒྲིལ་ལས་གཞི་ནི་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པའི་དམངས་ཡོངས་ཀྱི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་ལ། 2009ལོ་སྤྱི་ཟླ4པའི་ཚེས26ཉིན་ནས་སྤེལ་འགོ་ཚུགས་པ་དང་གཙོ་བོ་ནི་གཅེས་སེམས་འབོག་སྒྲིག་ཞལ་འདེབས་སྒྲིག་འཛུགས་བྱས་ནས་ས་ཁུལ་དབུལ་པོའི་ཞིང་སྡེ་སློབ་ཆུང་སློབ་མའི་འཚོ་བ་དང་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་རེད། 2019ལོ་སྤྱི་ཟླ4པའི་ཚེས26ཉིན་བར་ལས་གཞི་དེས་རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་གཅེས་སེམས་མ་དངུལ་སྒོར་དུང་ཕྱུར7.02དང་ལེན་བྱེད་པ་དང་དེའི་ནང་སྤྱི་དམངས་ཀྱིས་ཞལ་འདེབས་འབུལ་ཚད་བརྒྱ་ཆ83ལ་ཟིན་ཡོད། ཕན་པ་ཐོབ་པའི་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ448ལ་ཁྱབ་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:2019ལོའི་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་རྡོ་རམས་པའི་མཐོ་རིམ་ཤེས་ཡོན་མཚན་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ།
  • ལེ་ཚན་རྗེས་མ།:ལོ4ལ་འཁོར་སྐྱོད་བྱེད་མཚམས་ཆད་པའི་བོད་ལྗོངས་འགྲམ་འགག་སྒོའི་ཟོག་འདྲེན་བྱེད་ནུས་སླར་གསོ་བྱས།
  • དོ་སྣང་ཆེ་བའི་རྩོམ།