འདབ་པ་རྫོང་གིས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་རྒྱ་བོད་སྨན་རྩྭ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2019-06-05

   འདབ་པ་རྫོང་གིས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་རྒྱ་བོད་སྨན་རྩྭ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་།

  རྨོ་ཞིང་གི་གཏིང་ཟབ་ཚད་ཕལ་ཆེར་ལི་སྨི30དང་རྣང་མའི་ས་ཤུར་རེར་ལི་སྨི20ཡོད། མུའུ་རེར་ཞིང་པའི་ཁྱིམ་ལུད་སྤྱི་རྒྱ800ནས1200བར་རྒྱག་བཞིན་པ་དང་མུའུ་རེར་གངས་ཅན་མཁན་པ་ཆིག་སྐྱེས15000འཛུགས་ཆོག་པ་རེད། བསྟུད་མ་ཉིན་ཤས་རིང་། ལུའུ་ཀྲུའུ་གྲོང་ཁྱེར་གྱི་འདབ་པར་ཁ་གཏད་རོགས་སྐྱོར་བྱེད་སར་མངགས་པའི་ལས་སྒྲུབ་མི་སྣ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་འདམ་འགོ་གྲོང་སྡེའི་འདེབས་འཛུགས་བྱེད་སའི་རྟེན་གཞིར་ཕྱིན་ནས་ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་རྒྱ་བོད་སྨན་རྩྭ་གངས་ཅན་མཁན་པ་ཆིག་སྐྱེས་སྤོས་འཛུགས་བྱེད་ཚུལ་ཁྲིད་སྟོན་བྱས་པ་རེད།

   གངས་ཅན་མཁན་པ་ཆིག་སྐྱེས་དེ་ཕལ་ཆེར་མཚོ་འཕགས་སྨི3000ནས4100བར་གྱི་རི་མཐོའི་རྩྭ་ས་དང་རྡོ་ཧྲུག་མང་བའི་ལ་མགོར་སྐྱེ་བའི་རྩྭ་སྨན་རིགས་ཤིག་རེད། འདབ་པ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི3700ཡིན་ཞིང་། ལོ་རེར་ཉི་འོད་འཕྲོ་ཚད་ཉིན200ཡན་ལ་སླེབས་ཐུབ་པ་དང་ཉིན་མཚན་བར་དྲོད་ཚད་ཀྱི་ཧེ་བག་ཆེ་བས། ཁྱད་པར་དུ་གངས་ཅན་མཁན་པ་ཆིག་སྐྱེས་འདེབས་འཛུགས་བྱེད་འཚམ་པ་རེད། སྔོན་མར་ཚོད་ལྟ་འདེབས་འཛུགས་བྱས་རྗེས་ཚོད་རྩིས་བྱས་པ་བརྒྱུད་ན་མུའུ་རེར་སྔོན་དཔག་བྱས་ན་ཡོང་འབབ་སྒོར12000རག་ཐུབ་པ་དང་ཡོང་འབབ་ཁེ་གཙང་སྒོར8000ལ་སླེབས་ཐུབ་པ་རེད།

    ཉེ་བའི་ལོ་ཤས་རིང་ལུའུ་ཀྲུའུ་གྲོང་ཁྱེར་གྱི་འདབ་པར་ཁ་གཏད་རོགས་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཐོན་ལས་ལ་བརྟེན་ནས་དབུལ་ཐར་ཡོང་བར་རོགས་སྐྱོར་བྱ་རྒྱུ་གཙོ་བོ་བྱེད་ཅིང་། འདབ་པའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྟོག་ཞིབ་བྱས་པ་དང་། སི་ཁྲོན་ཞིང་ལས་སློབ་ཆེན་གྱིས་བཟོ་འགོད་བྱས་པའི་《འདབ་པའི་སྐྱེ་ཁམས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད》དང་《འདབ་པ་རྫོང་གི་མུའུ་ཁྲི་ལྡན་པའི་རྒྱ་སྨན་སྨན་རྩྭ་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་གཞིའི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》སོགས་ཀྱི་འཆར་འགོད་གདན་ཞུ་དང་། མ་དངུལ་དང་། ལག་རྩལ། ཚོང་ཁྲོམ་སོགས་ཀྱི་དཀའ་གནད་སྒྲོལ་གང་ཐུབ་བྱས་ནས། མ་དངུལ་སྒོར་ཁྲི500བཏང་ནས་མཉམ་ལས་ཁང་དང་ཞིང་འབྲོག་མི་དམངས། ཁེ་ལས་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་སྤྱད་ནས། འདབ་པ་རྫོང་གི་རྒྱ་བོད་སྨན་རྩྭ་གངས་ཅན་མཁན་པ་ཆིག་སྐྱེས་ཐོན་ལས་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཏེ་ཕན་ཡུན་རིང་བའི་སྒོས་འདབ་པ་རྫོང་གི་ཞིང་འབྲོག་མི་དམངས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་སྐྱོད་པར་རོགས་སྐྱོར་བྱས།

   ཤེས་རྟོགས་བྱུང་བར་གཞིགས་ན། འདབ་པ་རྫོང་གིས་འཆར་གཞི་ལྟར་ལོ་གསུམ་གྱི་ནང་རྒྱ་བོད་སྨན་རྩྭའི་རྟེན་གཞི་མུའུ10000བསྐྲུན་ཐུབ་རྒྱུ་རེད། 2019ལོར་གངས་ཅན་མཁན་པ་ཆིག་སྐྱེས་མུའུ3800འདེབས་འཛུགས་བྱས་ཡོད། གཙོ་བོར་བདེ་མོ་ཡུལ་ཤོག་དང་། བཅིངས་འགྲོལ་གྲོང་རྡལ། བསམ་མོ་དང་གསལ་ས་ཡུལ་ཤོག་འབང་ཆུ་སོགས་ཡུལ་ཤོག་དང་གྲོང་རྡལ6ལ་ཁེབས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་སློབ་མའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།
  • ལེ་ཚན་རྗེས་མ།:བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
  • དོ་སྣང་ཆེ་བའི་རྩོམ།