རོང་བྲག་རྫོང་གིས་སློབ་མའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2019-06-05

  

རོང་བྲག་རྫོང་གིས་སློབ་མའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།

   སྔར་ལས་ལྷག་པར་སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་། སློབ་འབྲིང་སློབ་མར་སྔོ་ལྗང་དང་ནགས་ཚལ་གཅེས་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པར་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་སྐྲུན་ཐུབ་པའི་ཆེད་དུ། ཉེ་ཆར། རོང་བྲག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རོང་བྲག་རྫོང་སློབ་འབྲིང་དུ་ཕྱིན་པ་དང་། འཛིན་གྲྭའི་གྲོས་ཚོགས་ཀྱི་དུས་ཚོད་དང་བསྟུན་ནས་བཅའ་ཁྲིམས་དྲིལ་བསྒྲགས་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་སྐོར་གྱི་སྒྲོག་འགྲེལ་སློབ་ཚན་ཐེངས་ཤིག་འཚོགས་པ་རེད།

   སློབ་གྲོགས་ཚོ་གཅིག་བསྡུས་ཀྱིས་སློབ་གྲྭའི་ཐང་ཆེན་དུ་འཛོམས་པ་དང་། སློབ་ཚན་དེ་དྲིལ་བསྒྲགས་ཀྱི་འཆད་ཁྲིད་དང་ཡུལ་དངོས་སུ་དྲི་བ་དྲིས་ལན་གྱི་བྱེད་ཐབས་སྤྱད་པ་རེད། མི་དམངས་ཉེན་རྟོག་པསPPTཡི་འཕེལ་རིམ་གསལ་སྟོན་དང་གློག་བརྙན་པར་གཞི་ལྟ་བ། དྲི་བ་དྲིས་ལན་སོགས་ཀྱི་ཐོག་ནས་ད་ལྟའི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་གི་གལ་ཆེའི་དོན་སྙིང་དང་གནས་བབ་ལ་འགྲེལ་བཤད་ཟབ་མོ་བྱས་པར་མ་ཟད། ཡུལ་དངོས་སུ་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་རེད།

   མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱོད་གཞིར་གཞི་བཟུང་ནས《ནགས་ཚལ་བཅའ་ཁྲིམས》དང་《ནགས་ཚལ་མེ་འགོག་གི་སྒྲིག་ཡིག》《རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བཅའ་ཁྲིམས》བཅས་ཀྱི་དཔེ་མཚོན་གྱོད་དོན་བཤད་པ་དང་བསྟུན་ནས། རོང་བྲག་རྫོང་ཁོངས་གཏོགས་ཀྱི་དཔེ་འོས་ནགས་ཤིང་དང་རི་སྐྱེས་སྲོག་ཆགས་རིགས་ཀྱི་དཔེ་མཚོན་གྱོད་དོན་ལ་དམིགས་ནས་དགེ་རྒན་དང་སློབ་མ་ཚོར་ཉེན་བརྡ་ཡག་པོ་བཏང་ཡོད་པར་མ་ཟད། ད་དུང་སློབ་མ་ཚོར་ནགས་ཚལ་གསར་སྐྲུན་དང་སྔོ་ལྗང་སྲུང་སྐྱོང་། ནགས་ཚལ་མེ་འགོག་དང་ཐོན་ཁུངས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ངོས་འཛིན་བྱེད་དུ་བཅུག་ནས། དགེ་རྒན་དང་སློབ་མ་ཚོ་སྐྱེ་ཁམས་ཐོན་ཁུངས་གཏོར་བརླག་གཏོང་བའི་བྱ་སྤྱོད་འགོག་ཟོན་དང་རྡུང་རྡེག་གཏོང་བའི་ཧུར་ཐག་རང་བཞིན་དང་རང་རྟོགས་རང་བཞིན་སྐུལ་སློབ་གང་ལེགས་བྱས་པ་རེད།

   སློབ་ཐེངས་ཤིག་གི་དུས་ཡུན་ཐུང་ཐུང་མ་གཏོགས་མེད་ཀྱང་སློབ་གྲོགས་ཚོ་སྒྲོག་འགྲེལ་བྱེད་སྒོར་ཞུགས་གང་ཐུབ་དང་གཏམ་བཤད་བྱེད་གང་ཐུབ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།།


  • ལེ་ཚན་སྔོན་མ།:སྦྲང་མ་གསོས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྱངས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་རྒྱ་བོད་སྨན་རྩྭ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།