ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར19.85བཏང་ནས་ས་གནས་ཀྱིས་རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-05-30

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ5པའི་ཚེས13ཉིན་འབྱོར་བའི་གཏམ་གསར།《གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་པའི་འཆར་གཞི(2015ལོ་ནས2020ལོ་བར)》ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་ཆར2019ལོའི་སློབ་གྲྭ་འབྲིང་ཆུང་དང་བྱིས་སློབ་ཁང་གི་དགེ་རྒན་བཅས་ལ་རྒྱལ་ཁབ་རིམ་པའི་གསོ་སྦྱོང་བྱ་རྒྱུའི་འཆར་གཞིའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར19.85བཏང་ནས་མུ་མཐུད་དེ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་གྱིས་དགེ་རྒན་ལས་གནས་དང་བྲལ་ནས་ཞིབ་འཇུག་ཟབ་སྦྱོང་བྱེད་སར་མངགས་པ་དང་། གཞི་རིམ་དུ་གསོ་སྦྱོང་སྤེལ་བ། སློབ་གྲྭ་གྲགས་ཅན་ནང་གསོ་སྦྱོང་བྱེད་པ་བཅས་ལ་བརྟེན་ནས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་སློབ་ཁང་གི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ་རེད།

    ནོར་སྲིད་པུའུ་ཡི་ཚན་རིག་སློབ་གསོ་ཧྲིའི་འབྲེལ་ཡོད་འགན་འཁུར་བས2019ལོའི་མ་དངུལ་བགོ་བཤའ་བརྒྱག་རྒྱུ་དེ་ཤིན་ཏུ་དབུལ་བའི་རྫོང་དང་། ཤིན་ཏུ་དབུལ་བའི་གྲོང་ཚོ་ཀྱི་གྲངས་འབོར་སོགས་ཀྱི་རྒྱུ་རྐྱེན་མང་དུ་བསྣན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། དུས་མཚུམས་སུ་ཞིང་ཆེན་རིམ་པའི་སློབ་གསོ་དང་ནོར་སྲིད་སྡེ་ཚན་ཁག་ལ་སྔོན་རྩིས་ལ་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་དངུལ་བགོ་བཤའ་རྒྱག་པ། དམིགས་སུ་བཀར་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་དང་། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ། “ས་ཁུལ་གསུམ་དང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་དང་སློབ་གཙོ་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2010ལོ་ནས2019ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སློབ་གྲྭ་འབྲིང་ཆུང་དང་བྱིས་སློབ་ཁང་གི་དགེ་རྒན་ལ་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱ་རྒྱུའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར157.84བཀོད་སྒྲིག་བྱས་ཡོད།།


  • ལེ་ཚན་སྔོན་མ།:བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར54.2བཏང་ནས་མཐོ་སློབ་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏང་རྒྱུར་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།