ལམ་བར་གྱི་མགྱོགས་བྲིས།

ལྡོང་དཀོན་སྦྱིན་གྱིས་བྲིས།        2019-05-29

ཡངས་བའི་རྩྭ་ཐང་བས་མཐའ་སྨུག་གིས་བཏམས།།

སྨུག་བུན་དབར་དུ་རི་སྡེ་ཐར་ཐོར་ཞིག།

ཧ་ཅང་ཁུ་སིམ་ཚུལ་གྱིས་གནས་པ་འདིས།།

རྒྱང་རིང་བགྲོད་པའི་འགྲུལ་པ་ཆ་རེ་ལ།།

ཐག་རིང་ལུས་པའི་ཕ་ཡུལ་དྲན་པར་བྱེད།།

གནམ་གཤིས་བསིལ་སྨུག་ཆགས་ཤིང་རི་ཚོགས་ཀྱིས།།

ནམ་ཟླས་རྙིད་པའི་སྨུག་སྤྲིན་ཐང་ཞྭ་གསོལ།།

བྱང་སྡེ་ལུང་པར་སྟོན་ཟླ་ཚེས་པ་ཡིས།།

ཐང་དག་མཛོ་རྒན་རག་པའི་རྒྱབ་གཞུང་བཞིན།།

ཕྱི་རུ་ལྟ་བཞིན་ཡིག་ཚོགས་སྤུངས་བའི་མོད།།

གློ་བུར་གློ་བུར་ཁངས་སྐྱ་ཡང་ཡང་འཚུབ།།

སོང་གིན་སོང་གིན་བྱང་ཐང་ཡངས་པོ་རུ།།

དངུལ་དཀར་ཁ་བའི་འདབ་མ་བསེ་ཡོམ་ཆགས།།



  • ལེ་ཚན་སྔོན་མ།:སྒོ་ཡོན་གྱིས་ཉེ་ཆར་གསར་དུ་བྲིས་པའི་སྙན་ངག་བདམས་བཀོད།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཕྲ་རྒྱན།