སེར་པོ་ཧོར་གྱི་རྒྱལ་པོ་དཔའ་ཆེན་ཤན་པ་མེ་རུ་རྩེའི་བརྙན་རིས།

    གླིང་གེ་སར་རིག་གནས་དྲྺ་ཚིགས།    2011-05-12

སེར་པོ་ཧོར་གྱི་རྒྱལ་པོ་དཔའ་ཆེན་ཤན་པ་མེ་རུ་རྩེའི་བརྙན་རིས།སེར་པོ་ཧོར་གྱི་རྒྱལ་པོ་དཔའ་ཆེན་ཤན་པ་མེ་རུ་རྩེའི་བརྙན་རིས།


གསེར་རྟ་སྙན་ལུང་དགོན་པའི་གླིང་གེ་སར་རིག་གནས་སྒྱུ་རྩལ་སྲུང་སྤེལ་ལྟེ་ནས་ཀྱི་ལྷ་རིས་པ་ཤེས་རབ་བློ་འཕེལ་གྱིས་བྲིས་པའི་བོད་ཀྱི་དཔའ་བོའི་མི་སྣ་གླིང་གེ་སར་རྒྱལ་པོ་ལ་སྔ་རབས་ཀྱི་ནང་འཁོར་དཔའ་རྟུལ་ཕུ་ནུ་སུམ་ཅུ་དང་། ཕྱིས་ཀྱི་ཕྱི་ནང་སྡེ་ཁག་མང་པོ་དབང་དུ་བསྡུ་སྐབས་ནང་བློན་དུ་བཀོད་པའི་དཔའ་ཆེན་བརྒྱ་ཅུ། ཡང་བློན་སྟོང་དང་དགུ་བརྒྱ་སོགས་ཡོད་པ་ལས་ཡོངས་གྲགས་བཀའ་ཡི་བློན་པོ་ཆེ་བརྒྱད་དུ་གྲགས་པའི་ནང་གསེས་སེར་པོ་ཧོར་ཕྱོགས་ཀྱི་བཀའ་བློན་སྡིག་གཅོད་ཤན་པ་མེ་རུ་རྩེ་ཞེས་དཔའ་དང་སྟོབས་རྩལ་འགྲན་ཟླ་བྲལ་ཞིང་། ལྷག་པར་གླིང་སྒྲུང་གྲགས་གང་ཆེ་དག་ན་བཀའ་བློན་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་གྲགས་པ་དེ་ཡི་གཉིས་པ་ཤན་རྡིབ་མེད་གསེར་གྱི་ཁང་བཟང་གི་བརྙན་རིས།  

  • ལེ་ཚན་སྔོན་མ།:རྒྱལ་ཡུམ་སེང་ལྕམ་འབྲུག་མོའི་ཞལ་ཐང་།
  • ལེ་ཚན་རྗེས་མ།:གླིང་དཀར་པོའི་བཀའ་ཡི་བློན་ཆེན་ཚ་ཞང་འདན་མ་བྱང་ཁྲའི་བརྙན་རིས།