མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

དབྱངས་ཅན་གྱིས་བསྒྱུར།        2019-05-21

   

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

   སྤྱི་ཟླ5པའི་ཚེས19ཉིན། 2019ལོའི་ཀྲུང་གོའི་ཡུལ་སྐོར་དུས་ཆེན་སི་ཁྲོན་ཡན་ལག་ཚོགས་ར་དང2019ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དེ་རོང་བྲག་རྫོང་དུ་འགོ་ཚུགས་པ་རེད།ཐེངས་འདིའི་ཡུལ་སྐོར་དུས་ཆེན་ལྷན་ཚོགས་ཀྱི་གྲུབ་ཆ་གཙོ་བོའི་བྱེད་སྒོའི་ཡ་གྱལ་ཡིན་པའི་ཆ་ནས།ཚེས18ཉིན་གྱི་དགོང་མོར་མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་ཀྱང་རྫོང་དེའི་གྲོང་ཁུལ་གསར་པའི་ཐང་ཆེན་དུ་མཚར་སྡུག་རྣམ་པར་བཀྲ་བའི་ངང་འཁྲབ་འགོ་བཙུགས་པ་རེད།སྐབས་འདིའི་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གྱི་བྱེད་སྒོར་ཞུགས་པའི་འགོ་ཁྲིད་འགའ་དང་།སྐུ་མགྲོན། ས་ཆ་སོ་སོ་ནས་འོངས་པའི་འགྲུལ་པ་དང་ཀྲུང་དབྱང་དང་ཞིང་ཆེན་གྱི་འཕྲིན་སྦྱོར་གསར་འགོད་པ་སོ་སོ།ཡུལ་དེའི་མང་ཚོགས་དང་མཉམ་དུ་མི་ཁྲི་སྟོང་མང་པོས་དོ་སྣང་བྱེད་བཞིན་པའི་རོལ་དབྱངས་འདུ་ཚོགས་ཀྱི་མཛད་སྒོ་འདིར་བལྟས་པ་རེད།

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

    དུས་རབས་གོང་མའི་མཇུག་དང་དུས་རབས་འདིའི་དུས་འགོ་ནས་བཟུང་རོང་བྲག་རྫོང་གིས་རྒྱལ་རོང་བོད་པའི་ཡུལ་སྲོལ་དུས་ཆེན་ལ་གཞི་བཟུང་ནས།རྒྱུན་མཐུད་དེ་མཛེས་མའི་ལུང་པའི་མཛེས་མ་ལེགས་འདེམས་བྱེད་པའི་བྱེད་སྒོ་སྤེལ་ཏེ་རྒྱལ་ཕྱི་ནང་ལ་ཡོངས་ཁྱབ་དང་ཕུགས་ཡུན་རིང་བའི་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད།བུད་མེད་ལ་བརྩི་མཐོང་བྱེད་བཞིན་པའི་མོ་བཟའ་རིག་གནས་ཀྱིས་འགྲུལ་པ་ཁྲི་སྟོང་མང་པོའི་ཡིད་དབང་འགུགས་ནས་རྒྱུན་ཆད་མེད་པར་ཡུལ་འདིར་བསླེབས་པར་བརྟེན།མཛེས་མའི་ལུང་པ་དེ་རིམ་བཞིན་རོང་བྲག་རྫོང་གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་མཛེས་མོ་ཞིག་ཏུ་གྱུར་པ་རེད།

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

     དགོང་མོའི་ཆུ་ཚོད8པར་རོལ་དབྱངས་འདུ་ཚོགས་དེ་དངོས་སུ་འགོ་བཙུགས་ནས《བཀྲ་ཤིས་གསུམ་འཛོམས》དང་《བཀྲ་ཤིས་བདེ་ལེགས》《ཀྲུང་གོ་གསར་པའི་སྟོབས་ཤུགས》《རོང་བྲག་གི་མཛེས་མ》སོགས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལེ་ཚན་འཁྲབ་ནས།ཁམས་པ་ས་ཁུལ་དང་ཁྱད་པར་དུ་མཛེས་མའི་ལུང་པ་རོང་བྲག་གི་མཚོན་མདངས་རྣམ་པར་བཀྲ་བའི་ལོ་རྒྱུས་ཀྱི་མིས་བཟོས་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་རྣམ་པ་གང་ལེགས་མངོན་ཞིང་།གཟིགས་མོ་བ་ཚོའི་ཐལ་མོ་རྡེབ་སྒྲ་དང་དགའ་བའི་འབོད་སྒྲ་ཡང་ཡང་གྲགས་པ་རེད།

    པེ་ཅིང་ནས་འོངས་པའི་འགྲུལ་པ་ཀྲང་པེས་སེམས་འགུལ་ཐེབས་པའི་ངང་ཧ་ཅང་ཡ་མཚན་སྐྱེས་བྱུང་།ང་རང་གིས་སྔར་ནས་དྲྭ་ཐོག་ཏུ་དུས་ཆེན་འདིའི་གསར་འགྱུར་དྲིལ་བསྒྲགས་བྱས་ཡོད་པར་མཐོང་ནས་ཡུལ་དངོས་སུ་སླེབས་པར་སྒུག་པ་ཡིན།རོང་བྲག་གི་མཛེས་མ་དང་མཛེས་ལྗོངས་དངོས་གནས་ཧ་ཅང་མཛེས་པོ་འདུགསང་ཉིན་ད་དུང་ཐེངས་དང་པོའི་ཡུལ་དངོས་ཀྱི་ཟློས་གར་ཞིག་འཁྲབ་རྒྱུ་ཡིན་པ་གོ་བྱུང་།ནང་དོན་ནི་རོང་བྲག་གི་དམངས་སྲོལ་སོགས་ཀྱི་ནང་དོན་ཡིན་པས་ང་རང་འཁྲབ་སྟོན་དེར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།


མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།

    རོང་བྲག་གི་མཛེས་མ་ནི་མཚོན་མདངས་སྣ་ལྔ་ལྡན་པའི་འཇའ་ཚོན་དང་འདྲ།འཁྲབ་སྟོན་བྱེད་རིང་དུ་ཀྲུང་གོའི་བོད་པའི་བུ་མོའི་ཚོ་ཁག་དང་པོ་ཨ་རྒྱལ་ཚོ་ཁག་གིས《རོང་བྲག་གི་མཛེས་མ》ཞེས་པའི་གླུ་གཞས་དེས་རྒྱ་ཆེ་བའི་གཟིགས་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ནས་སྙན་འཇེབས་ལྡན་པའི་གླུ་གཞས་རོང་བྲག་གི་མཁའ་དབྱིངས་སུ་ཁྱབ།2019ལོའི་སི་ཁྲོན་དཀར་མཛེས་རི་ཀླུངས་ཡུལ་སྐོར་རིག་གནས་དུས་ཆེན་ལེགས་འགྲུབ་ཡོང་བ་དང་།འབྱུང་འགྱུར་གྱི་དཀར་མཛེས་ཁུལ་ཇེ་ཡག་ཇེ་མཛེས་སུ་འགྱུར་བའི་རྟེན་འབྲེལ་ཞུ་བ།དཀར་མཛེས་ཉིན་རེའི་ཚགས་པར་གྱི་ཀློག་པ་པོ་དག་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིགཨ་ཅག་ཚོ་ཁག་གི་གྲུབ་མི་ཚེ་དབང་ལྷ་མོ་དང་སྐལ་བཟང་སྒྲོལ་མས་ཡང་དཀར་མཛེས་ཁུལ་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་རྟེན་འབྲེལ་ཞུས་པ་རེད།། 


  • ལེ་ཚན་སྔོན་མ།:གསེར་གྱི་མེ་ཏོག་གི་བྱ་དགའ་ཐོབ་པའི་མཛེས་མ་དེ་སུ་རེད།
  • ལེ་ཚན་རྗེས་མ།:གནས་མཆོག་དཀར་མཛེས་ཁུལ་གྱི་ཟས་མཆོག་སྣ་བརྒྱ་དང་ཞིང་ཞོར་ཐོན་རྫས་བཤམ་ཚོང་འདུ་ཚོགས་རོང་བྲག་ཏུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།