2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་འགོ་ཚུགས།

བདེ་ཆེན་གྱིས་བསྒྱུར།        2019-05-21

2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་འགོ་ཚུགས།

        སྤྱི་ཟླ5པའི་ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོའི་སི་ཁྲོན་ཡན་ལག་ཚོགས་ར་དང2019ལོའི་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དེ་མཛེས་མའི་ལུང་པ་ཞེས་པའི་མཚན་སྙན་ཐོབ་པའི་རོང་བྲག་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་པ་རེད།

        དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་སྐོར་གཟིགས་པ་ལུའུ་ཧྥེང་བཅས་ཀྱིས་གཙོ་གཉེར་བྱེད་མཁན་གྱི་འཐུས་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་རེད། འཛམ་གླིང་རྒྱུན་སྲིང་འཕེལ་རྒྱས་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་ལས་གཉེར་དབུ་བཞུགས་བློན་ཆེན་ལན་ཏི●ཏེ་པན་ཏེ་ཡིས་སྐུ་མགྲོན་གྱི་ཚབ་མཛད་དེ་ཤིས་ཚིག་ཕུལ་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་རྒྱ་མཚོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་སློབ་དཔོན་དོན་འགྲུབ་ངག་དཔལ་དང་ཁུལ་འགོ་ཁྲིད་ཚན་ཁག་ཆེན་པོ་བཞིའི་འབྲེལ་ཡོད་འགོ་ཁྲིད་བཅས་འགོ་ཚུགས་མཛད་སྒོ་ནང་ཞུགས་པ་རེད།
        ལིའུ་ཁྲེང་མིང་གིས་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་སི་ཁྲོན་ཡན་ལག་ཚོགས་ར་དང2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཞའོ་ཡིའུ་ཚའེ་དང་ལུའུ་ཧྥེང་གཉིས་ཀྱིས་གཙོ་གཉེར་བྱེད་མཁན་འཐུས་ཚབ་བྱས་ནས་ཤིས་ཚིག་ཕུལ། Randy Durband (ལན་ཏི●ཏེ་པན་ཏེ) འཛམ་གླིང་རྒྱུན་སྲིང་འཕེལ་རྒྱས་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་སྐུ་མགྲོན་གྱི་ཚབ་མཛད་དེ་ཤིས་ཚིག་ཕུལ་བ་དང་། འགོ་ཚུགས་མཛད་སྒོའི་ཐོག་ད་དུང་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཚོགས་དར་བརྗེ་རེས་མཛད་སྒོ་སྤེལ་བར་མ་ཟད། སྐབས་རྗེས་མའི་དུས་ཆེན་དེ2020ལོར་དཀར་མཛེས་ཁུལ་ལི་ཐང་རྫོང་དུ་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
        དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གནང་བའི་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ནང་བསྟན་དོན།འཚོགས་མ་ཐག་པའི་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དེས་དཀར་མཛེས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་།རི་ཀླུང་ནི་གནས་མཆོག་དཀར་མཛེས་ཀྱི་ཆེས་མཛེས་པའི་ཡུལ་ལྗོངས་ཡིན་ཞིང་ཁམས་པའི་བུ་དང་བུ་མོ་ཚོ་ཕ་ཡུལ་ལ་མཚོན་པའི་བརྩེ་སེམས་ཡིན་ལ།ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་ཤོས་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་ལ། དཀར་མཛེས་ཁུལ་གྱིས་རི་ཀླུང་ཡུལ་སྐོར་གྱིས་འདེགས་སྐྱོར་བྱས་ཤིང་། རིག་གནས་ཡུལ་སྐོར་གྱིས་བཀྲག་མདངས་འཚེར་སར་བྱས་པ། གྲོང་སྡེ་ཡུལ་སྐོར་གྱིས་རྨང་གཞི་བྱས་པ། ཚན་རྩལ་ཡུལ་སྐོར་གྱིས་ཁྱད་ཆོས་བྱས་པའི་ཐོན་ལས་མཉམ་འདྲེས་མ་ལག་ཅིག་བསྐྲུན་ནས་སྐྱེ་ཁམས་དམིགས་སུ་བཀར་ཞིང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་ནི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་སྤེལ་བྱས་པའི་ཡུལ་སྐོར་དུས་ཆེན་འདུ་ཚོགས་བྱེད་སྒོ་ཆེ་གྲས་ཤིག་རེད། དེ་སྔོན་དཀར་མཛེས་ཁུལ་གྱིས་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་གསུམ་ལེགས་གཉེར་བྱས་ཡོད་ཅིང་།རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་དབུལ་ཐར་འགག་སྒྲོལ། གྲོང་སྡེ་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་ལ་ནུས་པ་གཏིང་ཟབ་པ་འདོན་སྤེལ་བྱས་ཏེ། རི་ཀླུང་ཡུལ་སྐོར་ནི་དཀར་མཛེས་ཁུལ་རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་པའི་གསེར་བྱང་ཞིག་ཏུ་ཆགས་ཟིན་པ་རེད།
        རི་ཀླུང་ཡུལ་སྐོར་དུས་ཆེན་ལ་བརྟེན་ནས། དཀར་མཛེས་ཁུལ་གྱིས་རོང་བྲག་དང་དར་མདོ། ལྕགས་ཟམ་ཁ་བཅས་གཙོ་བོར་བྱས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཧུར་ཐག་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས། གྲོང་ཁྱེར་ཡུལ་ཤོག་མཉམ་འདྲེས། ལྗོངས་ཁུལ་དང་གྲོང་སྡེ་མཉམ་འདྲེས་བཅས་བྱ་རྒྱུ་ནི་རང་ཁུལ་གྱིས་ཡུལ་སྐོར་བྱེད་སྟངས་བསྒྱུར་བའི་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་གཞི་འཛིན་སར་གྱུར་ཅིང་། ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་སྤྲོ་གསེང་ཡུལ་གྲུ་ཞེས་པ་དེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་གཏོང་བའི་ཟོང་རྟགས་སྐད་གྲགས་ཅན་དུ་ཆགས་པ་རེད།
        བྱེད་སྒོ་གཙོ་བོ་ཕུད་རྗེས། སྐབས་འདིའི་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ལེ་ལག་བྱེད་སྒོ་རྣམ་གྲངས17དེ་རང་ཁུལ་གྱི་འདབ་པ་དང་ཉག་ཆུ། ཕྱག་ཕྲེང་། དར་མདོ། སྡེ་དགེ། ལྕགས་ཟམ། ལི་ཐང་། རྟའུ། འབའ་ཐང་། བརྒྱད་ཟིལ་བཅས་གྲོང་ཁྱེར་དང་རྫོང10དང་། དུང་དཀར་ལུང་པ་དང་ཉི་སྟེན་སོགས་ལྗོངས་ཁུལ་གཙོ་བོར་སྤེལ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཁེ་ལས་ཀྱིས་སྡེ་བར་རོགས་སྐྱོར་བྱས་ནས་དབུལ་ཐར་ལམ་བུ་བཏོད།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།