རང་ཁུལ་གྱི་རྫོང﹙གྲོང་ཁྱེར﹚ལྔའི་དབུལ་ཞྭ་དངོས་སུ་ཕུད།

        2019-05-20

   སྤྱི་ཟླ4པའི་ཚེས29ཉིན། ཞིང་ཆེན་སྲིད་གཞུང་གི《ཕིང་ཝུའུ་རྫོང་སོགས་རྫོང﹙གྲོང་ཁྱེར་དང་ཆུས﹚30དབུལ་གྲས་ནས་ཕྱིར་འབུད་པར་ཆོག་མཆན་སྤྲོད་པའི་སྐོར་གྱི་བརྡ་ཐོ》﹙སི་ཁྲོན་སྲིད་གཞུང་གི་ཡི་གེ﹝2019﹞ཨང81པ﹚ཡིག་ཆ་ནང་རང་ཁུལ་གྱི་དར་མདོ་དང་རོང་བྲག བརྒྱད་ཟིལ། འདབ་པ། ཕྱག་ཕྲེང་བཅས་རྫོང﹙གྲོང་ཁྱེར﹚5དབུལ་པོའི་གྲས་ནས་ཕྱིར་འབུད་པར་དངོས་སུ་ཆོག་མཆན་སྤྲད་པ་རེད། མིག་སྔར། རིམ་རྩིས་བྱས་ན་རང་ཁུལ་གྱི་རྫོང﹙གྲོང་ཁྱེར﹚6གི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་གྲོང་སྡེ1109དབུལ་གྲས་ནས་ཕྱིར་འབུད་ཅིང་། དབུལ་པོའི་མི་འབོར་ཁྲི18.68དབུལ་ཐར་བྱུང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:བུ་མོ་མཛེས་མ་ཚོ་འདི་ན་འཛོམས་འདུག
  • ལེ་ཚན་རྗེས་མ།:སྒོག་པ་བཙུགས་ཏེ་འབྱོར་འབྲིང་ལམ་བུར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།