ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཧྲུན་ཧྥེང་ཟོང་འགྲུལ་འབྲེལ་མཐུད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-05-15

   རང་ཁུལ་གྱི་བེ་ཤའི་ཟོང་འགྲུལ་སྐྱེལ་འདྲེན་མྱུར་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་བྲིན་ཚོང་ཁྲོམ་ར་མགྱོགས་མྱུར་རྒྱ་ཆེ་རུ་གཏང་བ། རང་བརྟེན་རྣམ་པའི་དབུལ་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱ་ཆེད། སྤྱི་ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ཏེ་ཧྲུན་ཧྥེང་ཟོང་འགྲུལ་འབྲེལ་མཐུད་ཚོགས་འདུ་འཚོགས་ནས་ཧྲུན་ཧྥེང་གི་མི་མེད་གནམ་གྲུའི་ཟོང་འགྲུལ་བདེ་བླག་ངང་དཀར་མཛེས་དུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་པ་རེད།

   སི་ཁྲོན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བས་དམངས་སྤྱོད་མི་མེད་གནམ་གྲུའི་ཟོང་འགྲུལ་སྡེབ་སྐྱེལ་བེད་སྤྱོད་ཚོད་ལྟའི་ལས་གཞིའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས། ཞའོ་ཡིའུ་ཚའེ་ཡིས་ལས་གཞི་དེར་ཆེ་མཐོང་བྱས་ཏེ། ཧྲུན་ཧྥེང་ཟོང་འགྲུལ་གྱིས་དབུལ་སྐྱོར་བྱེད་སྟངས་དེ་ལ་ཁས་ལེན་གང་ལེགས་གནང་བ་དང་ཡུལ་དངོས་སུ་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་རྗེས་སྙེག་ཞབས་ཞུའི་ནང་རྐྱེན་འཐུས་ཚང་བཏང་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཧྲུན་ཧྥེང་ཟོང་འགྲུལ་སྤྱི་གཉེར་ཁང་གིས་བཏོན་པའི་འབྲེལ་ཡོད་རྒྱབ་སྐྱོར་གྱི་དོན་གནད་ཐད་འགན་འཁྲི་ཐད་འཁུར་གྱི་བྱ་ཐབས་སྤྱད་དེ་ལས་ཀའི་ལས་འགན་ཁག་བགོས་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་ལས་དོན་ཁག་ཚང་མར་དམ་འཛིན་དང་དོ་དམ། དོན་འཁྱོལ་བཅས་བྱེད་མཁན་ཡོད་པར་འགན་ལེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཧྲུན་ཧྥེང་ཟོང་འགྲུལ་སྤྱི་གཉེར་ནང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་ཁུལ་གྱི་ཟོང་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་ཏེ། བེ་ཤ་གཙོས་པའི་རི་སྐྱེས་ཤ་མོ་མགྱོགས་མྱུར་སྐྱེལ་འདྲེན་བྱེད་པའི་ནུས་པ་ཆེ་རུ་གཏང་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གཞུང་གིས་ཧྭ་ཞི་སྨན་ཁང་དང་མཉམ་དུ་སྨན་ལས་གཉེར་རྒྱུའི་གན་རྒྱ་བཞག་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་བོད་སྡེ་སྟོང་གི་སྤུས་ལེགས་པྲ་ཚིལ་འདྲ་བརྙན་ཁང་དུ་ཁམས་པའི་འདས་པའི་འཚོ་བ་སླར་གསོ་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།