ཁུལ་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2019-05-13

ཁུལ་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་བྱས།

    སྤྱི་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། ཁུལ་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་དགོངས་པ་སློབ་སྦྱོང་དང་གོ་རྟོགས་ཟབ་མོ་བླངས་ཤིང་། སྔར་ལྷག་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་འགན་འཁྲི་ཁུར་སེམས་དང་དགོས་གཏུག་བསམ་པ་ཆེ་རུ་བསྣན་ཏེ་ཏན་ཏིག་གིས་རང་ཁུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀར་སྐུལ་འདེད་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་སིའི་སི་ཀྲང་ཚུའེ་ཧྲུའུ་ཧུང་གིས་ཟུར་ཁྲིད་སྙན་སེང་ཞུས་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་ལྗང་མདོག་འཕེལ་རྒྱས་ལ་དམིགས་ནས་སྐྱེ་ཁམས་ཐོན་ལས་ཀྱི་མ་ལག་འཐུས་སྒོ་ཇེ་མགྱོགས་སུ་གཏང་དགོས། གཉིས་ནི་དབུལ་ཐར་འབྱོར་འབྲིང་བསྐྲུན་པར་དམིགས་ནས་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། གསུམ་ནི་གྲོང་སྡེ་དར་རྒྱས་ལ་དམིགས་ནས་སྐྱེ་ཁམས་དར་རྒྱས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏང་དགོས། བཞི་ནི་ཡུན་རིང་བདེ་འགོད་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་ཡག་མོ་བསྒྲུབ་དགོས།།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:དར་མདོ་ལྷ་མོ་རྩེ་དགོན་པས་བཞི་པའི་ཚེས་བརྒྱད་ཀྱི་དུས་ཆེན་བསུས།
  • དོ་སྣང་ཆེ་བའི་རྩོམ།