ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2019-05-13

ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

    སྤྱི་ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་སྐྱོང་གནང་སྟེ་ཁུལ་ཨུའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོ་ཆུང་གི2019ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། གྲོས་ཚོགས་ཐོག་གཅིག་བསྡུས་ཀྱིས《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བརྒྱབ་རྒྱུའི་སྐོར་གྱི་གྲོས་འཆར》དང《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཙུའུ་ལས་ཀའི་སྲོལ་ཡིག》《ཀྲུང་གོའི་གུང་ཁྲན་ཏང་གི་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ལས་ཀའི་སྲོལ་ཡིག》དང《ཀྲུང་གོའི་གུང་ཁྲན་ཏང་གི་ཀྲི་པུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟ)》སོགས་ཏང་ཀྲུང་དབྱང་གི་གསར་དུ་བཏོན་པ་དང་གསར་དུ་བཟོ་བཅོས་བརྒྱབ་པའི་བསམ་འཆར་དང་སྲོལ་ཡིག་སློབ་སྦྱོང་བྱས་པས་མ་ཚད། ད་དུང་ཞིང་ཆེན་ཏང་ཨུའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོ་ཆུང2019ལོའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་གཞི་རིམ་ཏང་རྩ་འཛུགས་ལས་ཀའི་གཙོ་གནད་ལས་འགན་སྐུལ་སྤེལ་བརྙན་འཕྲིན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་སྦྲེལ་དྲ་བའི་ཁེ་ལས་ཏང་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། 《དུས་རབས་ཀྱི་མིག་དཔེ་བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་ལས་ཀའི་ཇུས་གཞི》སོགས་གྲོས་ཞིབ་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་ཁུལ་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པོའི་ལོའང་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ལངས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་ཁུར་ཕོད་པ། མ་བསྐུལ་དང་ལེན་གྱིས་འགྲན་རྩོད་དང་དུ་ལེན་པ། སྔར་བས་བློ་ཐག་ཆོད་པོའི་སྤྱོད་ཚུལ་དང་སྔར་བས་དངོས་སྒྲུབ་ཀྱི་བྱ་ཐབས། སྔར་བས་གོ་ཆོད་པོའི་བྱ་ཐབས་བཅས་ཀྱིས་ཏང་རྩ་འཛུགས་ལས་ཀར་དམ་འཛིན་ལེགས་འཛིན་བྱས་ནས་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་ཏང་རྩ་འཛུགས་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཏང་གིས་དཀར་མཛེས་བོད་ཁུལ་དུ་སྲིད་འཛིན་བྱས་པའི་རྨང་གཞི་སྲ་བརྟན་དུ་གཏང་དགོས།།

  • ལེ་ཚན་སྔོན་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།