རང་རྒྱལ་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ནད་པས་སྨན་པ་བསྟེན་སྟངས་དེ་བས་ལུགས་མཐུན་བྱུང་བ།

        2019-05-09

   ཞིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། རང་རྒྱལ་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་རིམ་གསུམ་གཞུང་བཙུགས་སྨན་ཁང་ཚང་མ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ནང་ཞུགས་ཤིང་། ནད་པས་སྨན་པ་བསྟེན་སྟངས་དེ་བས་ལུགས་མཐུན་དང་། ཕྱོགས་གཉིས་ཀྱི་སྨན་ཁང་བསྒྱུར་བའི་སྨན་བཅོས་ཀྱི་ཕན་འབྲས་རགས་ཙམ་མངོན་པ། ས་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བཅས་རེད།

   2018ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྫོང་ཁོངས་ནང་སྨན་བཅོས་བྱེད་ཚད་བརྒྱ་ཆ85ཙམ་ཟིན་པ་དེ2017ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས2.5འཕར་ཡོད། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་བརྒྱ་ཆ62རིམ་གཉིས་སྨན་ཁང་གི་ཆུ་ཚད་དུ་སླེབས་པ་དང་རྫོང་རིམ་པའི་སྨན་ཁང་བརྒྱ་ཆ22རིམ་གསུམ་སྨན་ཁང་གི་ཆུ་ཚད་དུ་སླེབས་ཡོད། 2018ལོར་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཕྱོགས་གཉིས་ཀྱི་སྨན་ཁང་བསྒྱུར་བའི་ནད་པ་མི་ཐེངས་ཁྲི1938ཟིན་པ་རེད།

    འདི་ལོ་རང་རྒྱལ་གྱིས་གྲོང་ཁྱེར100རུ་གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ་འཛུགས་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་སྨན་བཅོས་ཚོགས་པའི་ནང་ངོས་སུ་ཆ་འཕྲིན་ཅན་འདེགས་སྐྱོར་དུ་བྱས་པའི་རྒྱང་ཁྲིད་སྨན་བཅོས་མ་ལག་དང་། རྒྱང་ཁྲིད་ནད་བརྟག་སྨན་བཅོས་མ་ལག རྒྱང་ཁྲིད་སློབ་གསོའི་མ་ལག ཕྱོགས་གཉིས་ཀྱི་སྨན་ཁང་བསྒྱུར་བའི་མ་ལག་བཅས་འཛུགས་རྒྱུ་དང་རིམ་ཁག་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་མཉམ་འབྲེལ་འབྲེལ་མཐུད་དང་མཉམ་སྤྱོད་བྱས་ཏེ་ནད་པར་བསྟུད་མ་དང་གཞི་གཅིག་ཅན་གྱི་སྨན་བཅོས་ཞབས་ཞུ་བྱ་རྒྱུ་རེད། རྫོང500རུ་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་གཙོ་གནད་དུ་བཙུགས་ནས་གཞི་རིམ་སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏང་རྒྱུ་རེད།།

 


  • ལེ་ཚན་སྔོན་མ།:འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་བྱ་དགའ་དང་ཁ་གསབ་སྤྲད་དེ་ཞིང་འབྲོག་དུད་ཚང་ཁྲི27གྱི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།