འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།

ཡེ་ཤེས་ཀྱིས་བསྒྱུར།        2019-05-08

འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ4པའི་ཚེས26 ཉིན་འབྱོར་བའི་གཏམ་གསར། ཟླ་བ4པའི་ཚེས26ཉིན་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་ཏེ་བར་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེའི་ཐོག་ནས་ལམ་ཐག་རིང་ཚད་སྤྱི་ལེ409.2ཡོད་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཕྱོགས་གཉིས་ཀའི་ལམ་ཐིག་ཧྲིལ་ པོ་ཤར་བགྲོད་བྱུང་བ་མཚོན་ཡོད། ཤེས་ རྟོགས་བྱུང་བར་གཞིགས་ན། བར་ལའི་ཕུག་ལམ་ནི་མིག་སྔར་བསྐྲུན་ཟིན་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་དེ་ཡིན། ལས་གཞི་དེ2015ལོའི་ཟླ4ཚེས1 ཉིན་ལས་འགོ་ཚུགས་ཡོད། དེ་ བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་བར་ལ་བརྒལ་བའི་སྤྱི་ལེ18ཀྱི་ལམ་ཐག་ོོཡོད་པ་དེ་སྤྱི་ལེ5.7བར་ཐུང་དུ་ཕྱིན་ནས་ལྷ་ས་ནས་ཉིང་ཁྲིའི་བར་བསྐྱོད་པའི་དུས་ཚོད་དེ་སྔའི་ཆུ་ཚོད8 ནས་ཆུ་ཚོད4བར་ཐུང་དུ་ཕྱིན་པ་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་ཐིག་ཧྲིལ་པོའི་རིམ་མཐོ་ཅན་དུ་མངོན་འགྱུར་བྱུང་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ ལམ་ཐིག་ཧྲིལ་པོ་ཤར་བགྲོད་བྱུང་བ་དེས་བོད་ཀྱི་ལམ་དྲའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། འདི་ནི་ཟླ་བ4པའི་ཚེས26 ཉིན་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་ཏེ་བར་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ཚུལ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་གཅིག་སྡུད་བྱས་ཏེ་ལས་གཞི་གལ་ཆེན་ཚོ་གཅིག་ལས་འགོ་བཙུགས་ནས་མ་དངུལ་སྒོར་དུང་ཕྱུར6900གཏང་རྒྱུ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ནད་པས་སྨན་པ་བསྟེན་སྟངས་དེ་བས་ལུགས་མཐུན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།