ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ་སྲིད་གཞུང་གི་དངུལ་གཏོང་སྲོལ་ཡིག་ཁྱབ་བསྒྲགས་བྱས།

        2019-05-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ། སྲིད་གཞུང་གི་དངུལ་གཏོང་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་། སྲོལ་ཡིག་དེ2019ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

སྲོལ་ཡིག་ནང་གཅིག་ནས་སྲིད་གཞུང་གི་དངུལ་གཏོང་ཁྱབ་ཁོངས་དང་། གཉིས་ནས་སྲིད་གཞུང་གི་དངུལ་གཏོང་བའི་རྩ་དོན་གཙོ་བོ་དང་གཞི་རྩའི་རེ་བ། གསུམ་ནས་སྲིད་གཞུང་གི་དངུལ་གཏོང་ཇུས་ཆོད་གོ་རིམ་ཚད་ལྡན་དུ་གཏོང་བ་དང་ལེགས་བསྒྱུར་བྱེད་པ། བཞི་ནས་སྲིད་གཞུང་གི་དངུལ་གཏོང་ཐད་ཀྱི་ལོ་ཧྲིལ་བོའི་འཆར་འགོད་ཀྱི་འབྲེལ་ཡོད་རེ་བ། ལྔ་ནས་ལས་གཞི་ལག་བསྟར་དང་ལག་བསྟར་རྗེས་ཀྱི་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ་བཅས་གཏན་ཁེལ་གསལ་བོ་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས་ཅེས་པའི་དཔེ་ཆ་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམས།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་གཅིག་སྡུད་བྱས་ཏེ་ལས་གཞི་གལ་ཆེན་ཚོ་གཅིག་ལས་འགོ་བཙུགས་ནས་མ་དངུལ་སྒོར་དུང་ཕྱུར6900གཏང་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།