དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཤ་དང་དཀར་ཆུའི་ཐོན་འབབ“གཉིས་འཕར”བྱུང་བ།

        2019-05-07

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་དཔྱིད་དུས་ཀྱི་སྤུ་གསར་སྐྱེ་གསོ་དང་ཕྱུགས་ཟོག་གསོ་ཚགས་དོ་དམ་དང་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པས་ལྗོངས་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་ཀྱི་སྣང་ཚུལ་ཡག་པོ་ཡོད་པ་དང་། འདི་ལོའི་དུས་ཚིགས་དང་པོར་ཤ་དང་དཀར་ཆུའི་ཐོན་འབབ“གཉིས་འཕར”བྱུང་ནས་ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཀྱི་ཐོན་འབབ་ཏུན་ཁྲི1.38ཟིན་ཏེ་དུས་མཚུངས་ལས4.55%འཕར་བ་དང་། དཀར་ཆུའི་རིགས་ཀྱི་ཐོན་འབབ་ཏུན་ཁྲི4.48ཟིན་ནས་དུས་མཚུངས་ལས2.28%འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྗོངས་ཡོངས་ཀྱི་ཤ་དང་དཀར་ཆུའི་ཐོན་འབབ་ཏུན་ཁྲི90ཡན་ཟིན་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གྲོང་ཁྱེར་དང་ས་ཁུལ་བདུན་དང་ཞིང་འབྲོག་ལས་ཐོན་སྐྱེད་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་བཞག་ནས་ལོ་འཁོར་གྱི་ཤ་དང་དཀར་ཆུའི་ཐོན་སྐྱེད་ལས་འགན་གྲོང་ཁྱེར་དང་ས་ཁུལ་ཁག་ལ་ཁག་བགོས་བྱས་པ་རེད།།

  • ལེ་ཚན་སྔོན་མ།:བོད་ཀྱི་མཐའ་མཚམས་གྲོང་སྡེ་བུ་ཕ་གྲོང་ཚོའི་འཚོ་བ་གསར་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས་ཅེས་པའི་དཔེ་ཆ་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམས།
  • དོ་སྣང་ཆེ་བའི་རྩོམ།