སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་རྫོང་བརྒྱ་ཆ92.7ལ་འོས་འགན་སློབ་གསོ་གཞི་རྩའི་ཐོག་འཕེལ་རྒྱས་དོ་སྙོམས་བྱུང་ཡོད་ཅེས་བསྟན།

ཡེ་ཤེས་ཀྱིས་བསྒྱུར།        2019-05-05

     ཞིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་འབྱོར་བའི་གཏམ་གསར། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་རྫོང2717ལ་འོས་འགན་སློབ་གསོ་གཞི་རྩའི་ཐོག་འཕེལ་རྒྱས་དོ་སྙོམས་བྱུང་ཡོད་པ་དང་། རྒྱལ་ཡོངས་ཀྱི་རྫོང་གི་བསྡོམས་འབོར་གྱི་བརྒྱ་ཆ92.7ལ་ཟིན་པ་རེད།

    སློབ་གསོ་པུའུ་སློབ་གསོ་ལྟ་སྐུལ་སློབ་སྟོན་ཅུས་ཀྱི་ཅུས་ཀྲང་ཐེན་ཙུའུ་དབྱི་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། སྔོན་གྱི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་ཐོག་སློབ་གསོ་པུའུ་ཡིས་ལྟ་སྐུལ་སློབ་སྟོན་དང་གདེང་ཚོད་ཀྱི་ལས་དོན་ནན་པོ་སྤེལ་ནས། 2018ལོར་རྒྱལ་ཁབ་ཀྱི་སློབ་ཞུགས་ལྟ་སྐུལ་པ་དང་ཆེད་རམས་པ་མིའི་ཐེངས་གྲངས528བཀོད་སྒྲིག་བྱས་ནས། སློབ་གྲྭ3476ལ་སྐབས་བསྟུན་ཞིབ་བཤེར་བྱས་ཡོད། ལོ་འཁོར་གཅིག་ནང་ཞིང་ཆེན་དང་གྲོང་ཁྱེར18ཀྱི་རྫོང་ཁག338ལ་གསར་དུ་གདེང་ཚོད་དང་ངོས་ཐག་གཅིག་ཏུ་འཛིན་ཡོད་པ་རེད།

    ལྟ་སྐུལ་སློབ་སྟོན་དང་གདེང་ཚོད་བྱས་པར་བརྒྱུད་ནས། ས་གནས་ཀྱི་རིམ་ཁག་སྲིད་གཞུང་གིས་ནན་ཏན་གྱིས་སློབ་གསོའི་འགན་ནུས་སྒྲུབ་པ་དང་། འགན་ལེན་ལ་ཤུགས་རྒྱག་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད། 2015ལོ་ནས་བཟུང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ནས་ལེགས་སུ་ཕྱིན་པ་རེད། རྫོང་ཁག338ཀྱིས་འོས་འགན་སློབ་གསོའི་དུས་རིམ་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2544བཏང་སྟེ། སློབ་གྲྭ1598གསར་དུ་བསྐྲུན་ཡོད་ཅིང་། སློབ་གྲྭ་ཁྲི4ཙམ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད། སློབ་རམས་པ་ཁྲི368གསར་དུ་བསྣན་ཡོད། དགེ་རྒན་ཐོན་ཁུངས་བཀོད་སྒྲིག་བྱས་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། རྫོང་ཁག338ལ་དགེ་རྒན་གསར་པ་ཁྱོན་བསྡོམས་ཁྲི22ཙམ་བསྣན་ཡོད་པ་རེད།

    《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འོས་འགན་སློབ་གསོ་དོ་སྙམས་ངང་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་བསམ་འཆར》ལ་གཞིགས་ན། 2020ལོར་སླེབས་དུས་རྒྱལ་ཡོངས་སུ་འོས་འགན་སློབ་གསོ་གཞི་རྩའི་ཐོག་འཕེལ་རྒྱས་དོ་སྙོམས་གཏོང་བའི་བསྡུར་ཚད་བརྒྱ་ཆ95ལ་བསླེབས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་དཔེ་སྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།