ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-04-30

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ཉོ་ཚོང་དང་དངུལ་གཏོང་རྒྱ་བསྐྱེད་ཅིང་དངོས་གཉེར་མཉམ་ལས་དང་ཚན་རྩལ་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཛའ་མཐུན་མཉམ་ལས་ཁྲོད་དུ་ཐོབ་ཚོར་ཟབ་མོ་སྐྱེས་སུ་འཇུག་པར་མ་ཟད་ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་དཔེ་སྟོན་དུ་འགྱུར་བར་བྱེད་འདོད་ཡོད་ཟེར།

ཁུན་ཐི་ཡིས་ཐོག་མར་ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་རྦད་ཆོད་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ཤིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་འཛམ་གླིང་ཡོངས་ལ་གོ་སྐབས་བཟང་བོ་སྐྲུན་སྲིད་པ་དང་སྔར་ལས་མང་པོའི་རྒྱལ་ཁབ་མཉམ་སྐྲུན་མཉམ་སྐྲུན་ཁྲོད་དུ་ཞུགས་སྲིད། དབྱི་ཐ་ལི་དང་ཀྲུང་གོ་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པས། ཀྲུང་གོའི་ཁེ་ལས་ཀྱིས་དབྱི་ཐ་ལི་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་ཡིན་ཟེར། །


  • ལེ་ཚན་སྔོན་མ།:འབྲོག་པའི་མང་ཚོགས་རིམ་བཞིན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་བྱེད་མཁན་གཙོ་བོ་གྱུར།
  • ལེ་ཚན་རྗེས་མ།:སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ།
  • དོ་སྣང་ཆེ་བའི་རྩོམ།