འབྲོག་པའི་མང་ཚོགས་རིམ་བཞིན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་བྱེད་མཁན་གཙོ་བོ་གྱུར།

ཡེ་ཤེས་ཀྱིས་བསྒྱུར།        2019-04-30

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྤྱི་ཕན་ལས་གནས་ལ་དུད་ཚང་རེར་ལས་གནས་རེ་འདོན་སྤྲོད་བྱེད་པའི་མ་དཔེ་ཁྱབ་གདལ་བཏངབ་བར་བརྒྱུད། ས་གནས་དེ་གའི་འབྲོག་པ་ཁྲི1.7སྐྱེ་ཁམས་དོ་དམ་སྲུང་སྐྱོང་དཔུང་སྡེའི་ནང་ཞུགས་ནས་རིམ་བཞིན་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གཙོ་བོ་གྱུར་ནས་ནང་སྐྱེས་ཀྱི་སྒུལ་ཤུགས་སྒོ་ཀུན་ནས་སྐུལ་སྤེལ་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ལྡན་པ་རེད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོ་དེ་ས་གནས་དེ་གར་འཛུགས་ཡོད། འཆར་འགོད་ལ་གཞིགས་ན་སྤྱི་གླིང་ནང་ཤང་དང་གྲོང་རྡལ12ཀྱི་སྲིད་འཛིན་གྲོང་སྡེ53ལ་ཁེབས་པ་དང་འབྲེལ་བ་ཡོད་པའི་འབྲོག་པ་ཁྲི7.2ཡོད་པ་རེད། མིག་སྔར་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་འབྲོག་པ་ཁྱོན་བསྡོམས་མི་ཁྲི17211གིས་ལག་ཁྱེར་ཁུར་ནས་ལས་གནས་སུ་ལས་ཀ་བསྒྲུབས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དཔུང་སྡེའི་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེ་ཁམས་ཁོར་ཡུག་ལ་དོ་དམ་སྲུང་སྐྱོང་བྱེད་པའི་ལས་ཁ་སྤེལ་རིང་། སྲུང་སྐྱོང་གི་ལས་འགན་ཡག་པོ་སྒྲུབ་མཁན་འབྲོག་པ་མི་རེར་ཟླ་རེར་ཡོང་འབབ་སྒོར1800 ཐོབ་པ་དང་། ཁྱིམ་མི5མན་ཆད་ཀྱི་ཁྱིམ་ཚང་དབུལ་ཐར་བརྟན་པོ་བྱུང་བ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་ཉིན་རེ་བཞིན་ཇེ་དྲག་ཏུ་ཕྱིན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་མཁན་གྱིས་ཆ་སྙོམས་ཟླ་རེར་ཁྱོན་ཡོངས་ནས་སྲུང་སྐྱོང་ས་ཁུལ་ལ་སྐོར་སྐྱོད་སྲུང་སྐྱོང་ཐེངས་མ3བྱ་དགོས་པ། རི་དྭགས་སྲོག་ཆགས་ཀྱི་གྲངས་ཀ་དང་། རྩྭ་ཐང་གི་མེ་འགོག་དང་གནོད་འཚེ་སྔོན་འགོག་བྱས་ཚུལ། ས་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་བྱེད་པར་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པར་འབད་བརྩོན་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།

དུད་ཚང་རེར་ལས་གནས་རེ་འདོན་སྤྲོད་བྱེད་པའི་ནང་རྐྱེན་འོག མི་གཅིག་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གདན་ཞུས་ལས་བསྐོས་བྱས་ན་ཁྱིམ་མི་ཚང་མ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་དར་སྲོལ་གསར་པ་དེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དར་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:2018ལོར་ཞིང་ལས་ཐོན་རྫས་དྲ་རྒྱའི་ཐོག་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར3000ལ་ཟིན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།