“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་ གཉིས་པའི“ཇུས་འདོན་ཚོགས་པའི་སྤེལ་རེས”ཀྱི་ཡན་ལག་གླེང་སྟེགས་པེ་ཅིང་དུ་གཉེར་བ།

    མི་དམངས་དྲ་བ།    2019-04-28

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི“ཇུས་འདོན་ཚོགས་པའི་སྤེལ་རེས”ཀྱི་ཡན་ལག་གླེང་སྟེགས་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་སྦྲགས་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།
      ཧོང་ཁུན་མིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་མཐོང་ཆེན་གནང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚོགས་ཆེན་ཐོག་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཇུས་འདོན་ཚོགས་པའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་ཡིད་ཆེས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ཆུ་ཚད་དེ་བས་མཐོ་བའི་ཐོག་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་ཟབ་མོ་གནང་ཡོད་ཅེས་གསུངས་པ་རེད།
      ཧོང་ཁུན་མིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ནི་ཀྲུང་གོ་ནས་འབྱུང་བ་དང་འཛམ་གླིང་ལ་དབང་བའི་བྱ་གཞག་ཅིག་ཡིན་པས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བློ་གྲོས་གཅིག་ཏུ་སྒྲིལ་དགོས། ཉེ་བའི་ལོ་6ཙམ་ནང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ལས་རིག་གཞུང་ཞིབ་འཇུག་ཐད་འབྱུང་རྩ་མཁོ་འདོན་བྱས་པ་དང་ཁོར་ཡུག་རྒྱ་ཆེན་པོ་བཏོད་ཡོད། “རྒྱུད་གཅིག་ལམ་གཅིག”ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་མཐོ་འཛེགས་རྒྱང་ལྟ་དང་ལས་དབང་གཅིག་མཐུན་གཏོད་པའི་མཐོང་རྒྱ་ཆེན་པོ་གཏོད་རྒྱུ་མཐའ་འཁྱོངས་དང་། སྒོ་དབྱེ་བསྟུན་མཁས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་པའི་བློ་རྒྱ་ཆེན་པོ་མཐའ་འཁྱོངས། དངོས་ཡོད་ཀྱི་དཔྱོད་ཤེས་དང་དམ་པ་དོན་གཉེར་གྱི་སྒམ་ནན་རྣམ་འགྱུར་མཐའ་འཁྱོངས། འོས་འགན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་དང་གཉིས་ཁེ་གཉིས་ཕན་ཐད་འབད་བརྩོན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”ལ་སྐུལ་འདེད་གཏོང་རྒྱུ་འདི་ཉིད་ཞི་བདེའི་ལམ་བུ་དང་། དར་རྒྱས་ཀྱི་ལམ་བུ། སྒོ་དབྱེའི་ལམ་བུ། ལྗང་མདོག་གི་ལམ་བུ། གསར་གཏོད་ཀྱི་ལམ་བུ། ཤེས་དཔལ་གྱི་ལམ་བུ་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་སྟོབས་ཀྱི་ཐོན་ཁུངས་དང་གླེང་ཕྱོགས་ཀྱི་ཐོན་ཁུངས་མཉམ་སྦྲེལ་འབྲེལ་མཐུད་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་ཐུབ་པ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་ལས་དོན་ལ་བཀྲག་མདངས་འཚེར་ས་བསྣན་ནས་འཛམ་གླིང་དེ་བས་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ས་གནས་སོ་སོར་དཔྱིད་དཔལ་མེ་ཏོག་བཞད་ནས་མཛེས་སྡུག་རྣམ་པར་བཀྲ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།