སེམས་ཀྱི་རུས་པ།

བཙན་མགོ་ལྕང་ལོ།        2019-04-26

གངས་ལྗོངས་ལགས། ཕ་ཡུལ།

ཕ་ཨ་ཁུའི་ཐོད་རུས་འཇོག་ས།

མ་སྲུ་མོའི་དུང་སོ་འཐོར་ས།

སྲིད་པའི་ས་ཆེན་གོ་ལའི་ཏོག་འདིར།

ཁྲ་ཆུང་མིག་གི་ཀློང་ན་བལྟ་ཤེད་རྩེན་པའི་མཛེས་རྣམ།

ཡིད་ཀྱི་རྦ་རླབས་ཀློང་ན་རྔམ་བརྗིད་ལྡན་གྱི་གངས་རི།


གངས་ལྗོངས། སུམ་རྩེན་གྱི་བསྒྲུན་ཟླ།

ང་དང་མེས་པོའི་གཏན་རྒྱུད་འདི་ནས་བརྩམས་ཏེ།

འདི་ནས་མཇུག་བསྡུ་བའི་བཞི་ཤེད་འཐེན་ངེས།

ཕ་ཡུལ་ལགས། ཞེ་སེམས་ཀྱི་ཁྲག་དང་སྡོང་གི་ཕུ་ཡུལ་ལགས།

ང་དང་ཁྱེད་ཀྱི་འཛུམ་མདངས།

ཕ་གིའི་རི་རྩེ་དེ་ནས་འགོམས། མ་གིའི་ཆུ་ཀླུང་དེ་ནས་གཤགས།

རྐང་ལམ་ཕྲ་རགས་རྒྱུད་ནས་ལ་རྩེར་གཤེགས་ན།

ལ་ཉག་ན་རྡོ་བ་ཨ་དཀར་བརྒྱ་ཡི་མཛེས་རྒྱན་ཡོད།

དེ་ནི་མེས་པོ་དམ་པའི་དཔྱད་སྟོབས་ཀྱི་ཤེས་རབ།

ཡ་རབས་ཀྱི་ལྷན་གཤིས། མི་རབས་ཀྱི་བརྡ་རྟགས་ཡིན།


གངས་དཀར་ལྷུན་པོའི་འདབས་རོལ།

ཡར་ཀླུང་གཙང་བོའི་འགྲམ་ངོགས།

ཕ་མེས་ཀྱི་གཞིས་ཀ་དྲོན་མོ། གངས་ལྗོངས།

དཔའ་རྩལ་གྱི་སྟག་ཤར་འདི་ནས་དར།

མཚུལ་ལྡན་གྱི་སྨན་ཤར་འདི་ནས་རྒྱས།

ཤེས་རབ་ཀྱི་ཏལ་སྦྱིན་འབར་གྱི་ཕ་གཞིས་གངས་ལྗོངས།

ངལ་དུབ་ལ་མི་འཇིགས་སྙིང་སྟོབས་ཀྱིས་སྐྱོད་པའི་ཕ་ཡུལ་གྱི་ཚན་

ཟླའི་དཔུང་ཚོགས།

ཤ་འདྲེས་རུས་འདྲེས་ཀྱི་ཕུ་ནུ་བྱིངས།

ཁྱེད་ཚོ་ནི་རུས་པ་ཅན་གྱི་མེས་པོའི་གདུང་རྒྱུད་ཡིན།

ཁྱེད་ཚོ་ནི་དཔའ་སྟོབས་ལྡན་གྱི་གངས་ལྗོངས་ཀྱི་ལང་ཚོ་ཡིན།


ཕ་ཡུལ་ལགས། གངས་ལྗོངས།

ཕྲན་གྱིས་རྒྱང་རིང་གི་བས་མཐའ་འདི་ནས་དྲན་

སེམས་ཀྱི་འདུན་མ།

འདོ་བ་རྟ་ཕོའི་བང་ཁ་དང་བསྡེབས་ཏེ་ཁྱེད་ཀྱི་ཕྱོགས་སུ་

མངགས་རུང་།

བྲག་ཅ་དང་རླུང་བུ་ཞིག་ལས་ཅི་ཡང་མ་བྱུང་།

འོན་ཏང་། ང་རང་གངས་ལྗོངས་ནས་ཚར་གྱི་མི་ཞིག

ངའི་དམར་མདངས་ཀྱི་ལྟེ་ཁྲག་དྲོན་མོ་གངས་ལྗོངས་

སུ་འཐོར་ཡོད།

ངའི་འཇིག་རྟེན་གྱི་ངུ་སྐད་ཐོག་མ་གངས་ལྗོངས་སུ་གྲགས་ཡོད།

ང་དང་ཨ་མའི་ཟུག་རྔུ་ཚ་མོ་གངས་ལྗོངས་སུ་ལུས་ཡོད།

མདོར་དེད་ན། གངས་ལྗོངས་སུ་ངའི་རུས་པ་ཡོད།


ཕ་ཡུལ་ལགས། གངས་ལྗོངས།

ང་དང་ལུ་གུའི་སྣང་བ་སྤང་ཐང་གཡང་གི་ཀློང་ན་ཡོད།

གངས་ལྗོངས་ལགས། ཕ་ཡུལ།

ང་དང་ཁྱེད་ཀྱི་བརྩེ་དུངས་ལུང་གྲོག་རེ་རེའི་ས་ཀོང་རྡོ་

གསེང་དུ་ཁྱབ་ཡོད།

ཕ་ཡུལ་ཡ་ཕ་ཡུལ།

  • ལེ་ཚན་སྔོན་མ།:མཚན་ལ་བཏབ་པའི་གཞས།
  • ལེ་ཚན་རྗེས་མ།:སྙན་ངག་མཚན་པ་གཉིས།