དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་སུ་སྲུང་འཛིན་བྱེད་དགོས་པའི་བླང་བྱ།

ཚུལ་ཁྲིམས་བློ་གྲོས།        2019-04-26

དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་སུ་སྲུང་འཛིན་བྱེད་དགོས་པའི་བླང་བྱ།

    དབྱར་རྩྭ་དགུན་འབུ་འདི་ནི་དེང་སང་རང་རེའི་ཡུལ་མང་པོ་ཞིག་གི་མང་ཚོགས་ཀྱི་ཡོང་འབབ་གཙོ་བོའི་འབྱུང་ཁུངས་སུ་གྱུར་ཡོད། འོན་ཀྱང་དེ་རྐོ་བའི་སྐབས་སུ་ཁོར་ཡུག་ལ་གཏོར་བརླག་བྱེད་པ་དང་། ཡུལ་མི་ལ་ནད་ཡམས་བསྒོ་བ་དང་། རི་སྐྱེས་སྲོག་ཆགས་ལ་གནོད་པ་བྱེད་པ་སོགས་ལྡོག་ཕྱོགས་ཀྱི་བྱ་ངན་མང་པོ་ཞིག་ཀྱང་ཞོར་ལ་འབྱུང་བཞིན་འདུག་པས་འདི་རྣམས་སྔོན་འགོག་ནན་མོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དབྱར་རྩྭ་རྐོ་བའི་སྐབས་སུ་སྤང་ཆུང་ངུ་ལས་མི་བཀོག་རྒྱུ་དང་། བརྐོས་བའི་རྗེས་སུ་ས་དང་སྤོ་ཐོ་ཕྱིར་བཀབ་ནས་རྐང་འཇགས་བྱེད་པ་དང་།བཟའ་བཏུང་གི་ཤུབས་དང་གོས་ཧྲུལ་དང་ཆུ་ཤོག་དང་གློག་རྫས་སོགས་གད་སྙིགས་རིགས་གང་སར་མི་འདོར་རྒྱུ། ཡུལ་ཕྱོགས་དེར་ཡོད་པའི་རི་དྭགས་དང་བྱ་བྱེའུ་དང་ཉ་སོགས་ཀྱི་སྲོག་མི་གཅོད་པ། བྱ་བྱེའུའི་ཚང་དང་སྒོ་ང་ལ་གནོད་པ་མི་བྱེད་པ།ས་ཕྱོགས་དེའི་ཡུལ་མི་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་སོགས་ཀྱི་དོན་འདི་རྣམས་ལག་ལེན་དུ་ཐེབས་པ་ཞིག་གནང་བར་ཞུའོ།།

དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་སུ་སྲུང་འཛིན་བྱེད་དགོས་པའི་བླང་བྱ།

  • ལེ་ཚན་སྔོན་མ།:རི་སྐྱེས་ཤ་མོའི་དུག་འགོག་ཤེས་བྱ། 
  • ལེ་ཚན་རྗེས་མ།:ནད་ཡམས་དང་རེ་སྐུལ་ཆུང་ཆུང་།
  • དོ་སྣང་ཆེ་བའི་རྩོམ།