སློབ་གླིང་ལ་ཕུལ་བའི་ཀ་རྩོམ།

སངས་རྒྱས་རྡོ་རྗེ།        2019-04-24

ཀ་མད་དབྱངས་གསལ་ཁྲིད་པའི་སློབ་དཔོན་མཆོག །

ཁ་ཏ་སློབ་གསོ་བཟང་བའི་དགེ་རྒན་མཆོག །

ག་ལེར་ན་གཞོན་སྐྱོང་བའི་གཤེས་གཉེན་ལ།།

ང་ཉིད་ཅེས་པའི་སློབ་བུས་གུས་ཕྱག་འཚལ།།


ཅ་དག་སློབ་ལ་བརྩོན་པའི་ན་གཞོན་ཚོ།།

ཆ་ལུགས་སྲོལ་རྒྱུན་བཟང་བའི་རྗེས་རབས་པ།།

ཇ་ཁང་ཆང་ཁང་ནང་དུ་མི་འགྲོ་བ།།

ཉ་ཆུང་སློབ་ཕྲུག་ང་ཡི་རེ་བ་ཡིན།།


ཏ་ལིའི་འདབ་ལྟར་རྒྱས་པའི་མ་ཡུམ་གླིང་།།

ཐ་དག་གང་ཟག་རྣམས་ཀྱི་སློབ་གླིང་འདི།།

ད་སྐབས་མ་ཉམས་གོང་འཕེལ་འགྲོ་བ་འདི།།

ན་གཞོན་དགེ་རྒན་རྣམས་ཀྱི་བཀའ་དྲིན་ཡིན།།


པ་སངས་ལྟ་བུའི་མ་ཡུམ་སློབ་གླིང་འདི།།

ཕ་རོལ་ཀུན་ལས་གོང་འཕེལ་ཤེས་བྱའི་མཛོད།།

བ་བུ་རྣམས་ཀྱིས་བརྩོན་པའི་ཡང་སྙིང་སྟེ།།

མ་ཡུམ་ལི་སྟོད་བྱམས་བརྩེ་སློབ་གྲྭ་འོ།།


ཙ་ཏུར་གཞོན་ནུ་རྣམས་ཀྱིས་བརྩོན་པ་བཟང་།།

ཚ་ཚིག་བཞིན་དུ་བརྩོན་པའི་སྐད་ཡིག་ལ།།

ཛ་ཡེ་སློབ་གྲོགས་རྣམས་ཀྱིས་བདག་སྐྱོང་བྱེད།།

ཝ་ལོང་ལྟ་བུའི་མ་ཡུམ་སློབ་གླིང་ལ།།


ཞ་ཞོར་མེད་པར་བདག་སྐྱོང་ལེགས་པོ་བྱོས།།

ཟ་ཟ་བཞིན་དུ་བརྩེ་བ་ཟབ་མོ་ཞིག །

འ་ཅག་སློབ་མ་ཞིག་གི་ཁྱད་ཆོས་དང་།།

ཡ་གཅིག་མ་ཡུམ་སློབ་གྲྭའི་རྒྱན་ཆ་ཡིན།།


ར་བ་གངས་ཀྱིས་བསྐོར་བའི་ལི་སྟོད་འདི།།

ལ་ལུང་ཡུལ་གྲུ་དག་ལས་སློབ་མ་འཛོམས།།

ཤ་དང་རུས་པ་གཅིག་པའི་བོད་པ་རེད།།

ས་ཆ་གཅིག་ཏུ་འཛོམས་པའི་སློབ་གྲོགས་རེད།།


ཧ་ཧ་མ་ཡུམ་སློབ་གྲྭའི་དགའ་ཚལ་རེད།།

ཨ་ལ་བདག་གིས་མ་ཡུམ་སློབ་གླིང་འདིར།།

བཀའ་དྲིན་ཞུ་བའི་མགྱོགས་བྲིས་ཁག་གསུམ་ཡིན།།

བློ་བདེ་སེམས་ལ་ཅུང་ཙམ་མཐུན་པར་ཤོགས།།


  • ལེ་ཚན་སྔོན་མ།:​ཨ་མ། ངས་རང་ཡུལ་དུ་ལུས་པའི་སྒྲོལ་མ་ལྗང་མོ།
  • ལེ་ཚན་རྗེས་མ།:བུ་མོ་མཚོ་བཟའ་སྒྲོལ་དཀར།