རང་ཁུལ་གྱིས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱས།

དངོས་སྦྱོང་སློབ་མ་བསོད་ནམས་སྒྲོལ་དཀར་གྱིས་བསྒྱུར།        2019-04-22

    ད་ལོ་ནས་བཟུང་། རང་ཁུལ་གྱིས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞི་ཁྱོན་སྔར་ལས་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་སྐོར་གྱི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཕྱོགས་ལྔའི་ཐད་ནས་ཤུགས་བརྒྱབ་སྟེ་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་ལས་དོན་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་སྟེ། གཅིག་ནི་མྱུར་ཚད་དོན་ཐོག་ཏུ་འཁྱོལ་རྒྱུ་ཇེ་མགྱོགས་སུ་གཏོང་། གཉིས་ནི་དྲིལ་བསྒྲགས་ཀྱི་རྒྱ་ཆེ་རུ་གཏོང་། གསུམ་ནི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་། བཞི་ནི་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་། ལྔ་ནི་ཞིབ་རྩིས་ཞིབ་ཚད་ཇེ་ཞིབ་ཏུ་གཏོང་།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་དབུལ་སྐྱོར་གྱི་ལས་ཀ་ཕྱོགས་གཉིས་ནས་བསྒྲུབ་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།